ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག10ཡིས2025ལོར་བསླེབ་དུས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་གི་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་སྨན་རྫས་ཅུའུ་སོགས་སྡེ་ཁག10ཡིས་ཉེ་ལམ་མཉམ་འབྲེལ་སྒོས《གཞི་རིམ་གྱི་ཀྲུང་ལུགས་སྨན་རྫས་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བཟོ་སྐྲུན“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འགུལ་སྐྱོད་འཆར་འགོད》གཏན་འབེབས་བྱས་ཤིང་། འགུལ་སྐྱོད་འཆར་འགོད་ཁྲོད2025ལོར་བསླེབ་དུས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཀྲུང་ལུགས་གསོ་རིག་ཁང་ཡོངས་སུ་ཁྱབ་པ་སོགས“ཡོངས་ཁྱབ་”ལྔ་ཡི་བྲེ་བྲག་གི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་པར་བཏོན།

ཟླ3པའི་ཚེས30ཉིན་ཁྱབ་བསྒྲགས་བྱས་པའི་འགུལ་སྐྱོད་འཆར་གཞིའི་ཁྲོད། 2025ལོར་བསླེབ་དུས། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཀྲུང་ལུགས་གསོ་རིག་ཁང་ཡོངས་སུ་ཁྱབ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས15%ཡི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཞབས་ཞུའི་རིགས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱེད་པར་སྐུལ་མ་བྱེད་དགོས། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་ཞབས་ཞུའི་འདོན་སྤྲོད་ཡོངས་སུ་ཁྱབ་པ་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། 100%ཡི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་གིས་ཚད་ལྡན་ངང་རྣམ་གྲངས10ཡན་གྱི་ཀྲུང་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་སྤེལ་ཐུབ་དགོས། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་འཇོན་མིའི་བཀོད་སྒྲིག་ཕལ་ཆེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཀྲུང་ལུགས་གསོ་རིགས་སྨན་པའི་མི་གྲངས་རིགས་མཐུན་ལས་ཁུངས་ཀྱི་སྨན་པའི་སྤྱི་གྲངས་ཀྱི་བསྡུར་ཚད25%ལས་བརྒལ་དགོས་པ་བཏོན།

དེ་དང་ཆབས་ཅིག 2025ལོར་བསླེབ་དུས། རྫོང་གིས་བཙུགས་པའི་ཀྲུང་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཕལ་ཆེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་དང་། 80%ཡན་གྱི་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང“རིམ་པ་གཉིས་པའི་ཀ་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང”གི་ཆུ་ཚད་ལ་བསླེབ་དགོས་ཤིང་། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་བདེ་ཐང་དྲིལ་སྒྲོག་སློབ་གསོ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ། རྫོང་རིམ་པའི་ས་ཁོངས་ཀྱིས་རྫོང་རིམ་པའི་སྨན་ཁང་གི་ཀྲུང་ལུགས་གསོ་རིག་བདེ་ཐང་དྲིལ་སྒྲོག་སློབ་གསོ་རྟེན་གཞི་བཙུགས་པར་བརྟེན་ནས། ཀྲུང་ལུགས་གསོ་རིག་བདེ་ཐང་ཤེས་བྱ་ཁྱབ་གདལ་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།