ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་ས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པར་མ་ཟད། དེ་འབྲེལ་གྱི་བརྡ་ཐོ་བཏང་ནས།  ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

བསམ་འཆར་ནང་བསྟན་དོན། ཡིད་རྟོན་འདུ་ཤེས་དང་ཡིད་རྟོན་ལམ་ལུགས། ཡིད་རྟོན་བྱེད་ཐབས། རྒྱལ་དམངས་དཔལ་འབྱོར་མ་ལག་གི་ཕྱོགས་གང་ཅིའི་ལྷུ་ཚིགས་ཁག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ནན་མོ་བཏང་ནས། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་ཇེ་དམའ་རུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་ཐབས་ཀྱི་ཡིད་རྟོན་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བྱས་ནས། རྒྱལ་དམངས་དཔལ་འབྱོར་མ་ལག་གི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དང་འགན་ལེན་གང་ལེགས་བྱེད་དགོས།

བསམ་འཆར་ནང་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་ལས་རིགས་སོ་སོ། ཁྱབ་ཁོངས་སོ་སོའི་ཡིད་རྟོན་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཡིད་རྟོན་འདུ་ཤེས་དང་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ལ་ཚོད་འཛིན་ཐེབས་པའི་དཀའ་ཁག་དང་གནད་དོན་ཅི་རིགས་ཐག་གཅོད་བྱེད་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ཁྱོན་ཡོངས་ནས་ཁྲིམས་སྐྱོང་གི་བགྲོད་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་གི་ཡིད་རྟོན་བྱེད་ཐབས་ཚད་ལྡན་དང་འཐུས་ཚང་དུ་བཏང་སྟེ། རིགས་སོ་སོའི་རང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ནན་མོ་བྱེད་དགོས། རིགས་སོ་སོའི་རང་བདག་གི་ཧུར་སེམས་དང་གསར་གཏོད་བྱེད་ཤུགས་ལ་སྐུལ་སློང་གང་ཐུབ་བྱེད་པ་དང་། ཡིད་རྟོན་འདྲི་རྩད་ཚོང་རའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། སྲིད་གཞུང་གི་རྩ་འཛུགས་མཐུན་སྦྱོར་དང་དཔེ་སྟོན་སྣེ་ཁྲིད། ལྟ་སྐུལ་དོ་དམ་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ངང་ནས་སྐུལ་འདེད་གཏོང་དགོས།

བསམ་འཆར་ནང་མངོན་གསལ་སྒོས་བསྟན་དོན། འཐུས་སྒོ་ཚང་བའི་ཡིད་རྟོན་ལམ་སྲོལ་ལ་བརྟེན་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་གཏོང་ཐུབ་པར་བྱེད་པ་དང་། ཡིད་རྟོན་ཁོར་ཡུག་བཟང་པོར་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀར་འདེགས་སྐྱོར་བྱེད་པ། ཡིད་རྟོན་རྨང་གཞི་བརྟན་པོའི་ཐོག་ནས་དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། ནུས་ལྡན་གྱི་ཡིད་རྟོན་ལྟ་སྐུལ་དོ་དམ་དང་ཡིད་རྟོན་ཞབས་ཞུས་སྤྱི་ཚོགས་ཡོངས་ཀྱི་ཡིད་རྟོན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།