ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་གོ་གསུམ་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་རེ་ལྔ་ཡོད་ལ། རང་ས་གནས་ཀྱི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་ཉེར་བརྒྱད་ཡོད། ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་བར།  ད་ཡོད་ངོས་བཟུང་བའི་ནད་པ་ཁྲི་གཉིས་དང་སྟོང་བདུན་བརྒྱད་བརྒྱ་ང་དགུ་ཡོད། ནད་རྟགས་ངོས་བཟུང་མེད་པའི་ནད་པ་སྟོང་ལྔ་དང་བདུན་བརྒྱ་ང་བརྒྱད་ཇེ་མང་དུ་སོང་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་བརྒྱ་ཡོད་པ་དང་། རང་ས་གནས་ཀྱི་ནད་པ་སྟོང་ལྔ་དང་དྲུག་བརྒྱ་ང་བརྒྱད་ཡོད། ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བར།  ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་དགུ་ཁྲི་བཞི་སྟོང་གཉིས་བརྒྱབ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།