ཀྲུང་གོ་བོད་ཀྱི་དྲ་བ།

​ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བདུན་ཅུ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

1.jpg

ཟླ3པའི་ཚེས29ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བདུན་ཅུ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ལས་དོན་གནས་ཚུལ་གྱི་ཕྱོགས་སྡོམ་སྙན་ཞུར་གསན། ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་བློ་སྟོབས་འཕེལ་བ་དང་དྲང་ནུས་བརྒྱུད་སྒྲོག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་2022ལོའི་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་ཁག་སྒྲིག་འཛུགས་ཡག་པོ་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་གསུངས།

ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་བལྟ་བའི”ལས་ཀའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་བལྟ་བའི”ལས་དོན་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སླར་ཡང་སློབ་སྦྱོང་དང་གོ་བ་ལེན་པ་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་དང་ས་གནས་ཁག་གི་སྲིད་གྲོས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་དབྱེ་ཞིབ་ནན་ཏན་བྱེད་པ་བརྒྱུད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་ཚུན་གྱི་མི་དམངས་སྲིད་གྲོས་ཀྱི་ལག་ལེན་དང་། རིགས་པའི་གཞུང་ལུགས། ལམ་ལུགས་གསར་གཏོད་གྲུབ་འབྲས་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་། ཆོས་ཉིད་རང་བཞིན་ལྡན་པའི་ངོས་འཛིན་གཏིང་ཟབ་བྱེད་པ། སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོར་འདེགས་བྱེད་པ། ཆེད་དམིགས་སྲིད་གྲོས་ལས་ཁུངས་ཀྱི་འཛུགས་སྐྲུན་དེ་གཏིང་ཟབ་སར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་བྱེད་ནུས་འདོན་སྤེལ་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གཙོ་གནད་གྲོས་གཞིའི་ཁ་བྱང་དང་སྒྲུབ་སྐུལ་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི2022ལོའི་ལྟ་ཞིབ་དང་རྟོག་ཞིབ། བརྟག་ཞིབ་བཅས་ཀྱི་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཧྲིན་ཏེ་ཡུང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་གོ་གནས་མེད་པར་བཟོ་བའི་སྐོར་དང་དེའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་དང་། རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་མར་སྤྲད་དེ་གྲོས་ཞིབ་བྱེད་པར་གྲོས་འཆམ་བྱུང་། ལིའུ་ཡན་ཕིང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ཐོབ་ཐང་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད་ལ་གྲོས་ཞིབ་བྱས་ཤིང་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་མར་སྤྲད་དེ་རྗེས་འདེད་ཁས་ལེན་བྱེད་པར་གྲོས་འཆམ་བྱུང་།

ཀྲུའུ་ཞི་ཚོགས་འདུས2022ལོའི་ཐེངས་དང་པོའི་གཅིག་སྡུད་སློབ་སྦྱོང་སྤེལ་བ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གི་གཞི་གྲངས་དངུལ་ལོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་མུའོ་ཁྲང་ཁྲུན་གདན་ཞུ་ལྟར་ཕེབས་ནས“གཞི་གྲངས་དངུལ་ལོར་གྱི་བེད་སྤྱོད”ཅེས་པ་ཁ་བྱང་དུ་བྱས་ནས་སྙན་ཞུ་སྤེལ་བ་རེད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་དང་སྙན་ཞུ་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། པ་ཐེར། སུའུ་ཧུའེ།ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།