ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་ང་བཞི་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་ཞེ་བཞི་ཡོད་ལ། རང་ས་གནས་ཀྱི་ནད་པ་སྟོང་གཉིས་དང་བཅུ་ཡོད། ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར།  ད་ཡོད་ངོས་བཟུང་བའི་ནད་པ་ཁྲི་གཉིས་དང་སྟོང་དྲུག་ཉིས་བརྒྱ་ང་གསུམ་ཡོད། ནད་རྟགས་ངོས་བཟུང་མེད་པའི་ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་ཉེར་དགུ་ཇེ་མང་དུ་སོང་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་བརྒྱ་དང་བདུན་ཡོད་པ་དང་། རང་ས་གནས་ཀྱི་ནད་པ་སྟོང་གཉིས་དང་བདུན་བརྒྱ་ཉེར་གཉིས་ཡོད། ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་བར།  ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་དགུ་འབུམ་གཅིག་ཁྲི་བདུན་བརྒྱབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།