ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་བརྒྱ་དང་བཅུ་གསུམ་པ་ཚེས21ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
ཟླ3པའི་ཚེས21ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་བརྒྱ་དང་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། འདི་ནི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པའི་ཚུལ་རེད།
ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་སོ་སོར་གནང་བའི་དུས་བཅད་ཚོང་ཟོག་དང་བསྐྱར་འགྱུར་ཐོན་རྫས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། ལས་རིགས་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གནད་དོན་གཙོ་བོའི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་རེད།
ཨུ་ཡོན་ཀྲང་ཚོགས་འདུའི་ཁོངས་མིས་གོང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་ཤིང་། ཚོགས་འདུའི་སྟེང་ཕྱོགས་སོ་སོས་གོང་གི་བཅའ་ཁྲིམས་འཆར་ཟིན་ལ་བཏོན་པའི་བསམ་འཆར་ལ་ཉན་ནས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཤིན་ཁྲུན་དབྱིང་གིས་སོ་སོར་གནང་བའི་ཨུ་ཡོན་ཀྲུང་ཚོགས་འདུས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་མི་གྲངས་བགོ་བཤའི་ཇུས་གཞིའི་འཆར་ཟིན་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་གྲངས་བགོ་བཤའི་ཇུས་གཞིའི་འཆར་ཟིན། ཐའེ་ཝན་ཞིང་ཆེན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་གྲོས་མོལ་འདེམས་བསྐོའི་ཇུས་བཞིའི་འཆར་ཟིན་གྱི་གྲོས་ཞིབ་བྱ་བར་འབུལ་བའི་ཚབ་བྲིས་མ་ཟིན་སྐོར་གྱི་སྙན་ཞུ་ལ་ཉན་པ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པདྨ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་དང་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་ཚོགས་འདུར་ཞུགས་ཡོད། །