ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས“དཔང་ཡིག”འདི་དག་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ལམ་སྡེ་ཁག་འདིས་བརྡ་ཐོ་བཏང་སྟེ་སྤྱི་ཚོགས་ལ་ཕྱོགས་ནས་སྤེལ་བའི་ལག་རྩལ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་འབྲེལ་ཡོད་ལག་རྩལ་རིགས་ཀྱི་གསོ་སྦྱོང་གདེང་འཇོག་དང་དཔང་ཡིག་སྤྲོད་པའི་བྱ་འགུལ་དག་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་དུས་སྐབས་འདིའི་ནང་སྡེ་ཁག་དང་ལས་ཁུངས་ཁ་ཤས་ཞིག་གིས་ལས་རིགས་གསར་པའི་ལས་རིགས་ཀྱི་ཐོབ་ཐང་དང་ལས་རིགས་ལག་རྩལ་རིམ་པ་སོགས་ལ་ཁ་གཡར་ནས་གསོ་སྦྱོང་སྤེལ་བ་དང་དཔྱད་འཇོག་སྤེལ་བ། དཔང་ཡིག་སྤྲོད་པ་བཅས་ཀྱི་བྱ་འགུལ་གང་འདོད་ལྟར་སྤེལ་ནས་གྲོན་དངུལ་གང་འདོད་ལྟར་བསྡུ་བ་དང་དཔང་ཡིག་གང་འདོད་ལྟར་འགྲེམ་གཏོང་བྱེད་ཀྱིན་ཡོད་པ་མ་ཟད།  ད་དུང་སྡེ་ཁག་དང་ལས་ཁུངས་ཁ་ཤས་ཀྱིས་་དྲིལ་བསྒྲགས་རྫུན་མ་བྱེད་པའམ་ཡང་ན་འུད་སྒྲོག་བྱེད་པ། ཡང་ན་དབང་གྲགས་ལྡན་པའི་སྡེ་ཁག་གི་མིང་གཡར་ནས་གསོ་སྦྱོང་རྩ་འཛུགས་བྱེད་པ་དང་།དཔྱད་འཇོག་སྤེལ་བ། དཔང་ཡིག་སྤྲོད་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བས་སྤྱི་ཚོགས་ཐོག་བསམ་འཆར་ཆེན་པོ་ཡོད་པ་རེད། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་ཡིད་རྟོན་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་དང་ལས་རིགས་ལག་རྩལ་རིམ་པའི་ལམ་ལུགས་མ་ལག་ཚད་ལྡན་ངང་འཁོར་སྐྱོད་འགན་ལེན་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ3པ་ནས་བཟུང་ལག་རྩལ་རིགས“དཔང་ཡིག་རྫུན་མ”ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གི་གཙོ་གནད་ནི་སྒྲིག་འགལ་ངང་འབྲེལ་ཡོད་ཡི་གེ་དང་མཚོན་རྟགས་ཡོད་མེད་དང་། དྲིལ་བསྒྲགས་རྫུན་མའམ་འུད་སྒྲོག་ག་བྱས་ཡོད་མེད། ལྷག་པར་དུ་སྒྲིག་འགལ་གསོ་སྦྱོང་དང་སྒྲིག་འགལ་ངང་དངུལ་བསྡུ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་བཅས་ཡིན།

བརྡ་ཐོ་ལས་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ལ་མཐའ་གཅིག་ཏུ་ཡོ་བསྲང་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྨྱན་སྦྱོར་ཕྱོགས་ཀྱི་གསར་འགྱུར་འགོད་པ་དང་མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་གཅིག་སྡུད་ཀྱི་དཔེ་མཚོན་གནད་དོན་ལ་བརྟག་དཔྱད་ཞིབ་བསྡུར་དང་ཐག་གཅོད་བྱས་ཏེ། “མིང་ཐོ་ནག་པོའི”ལམ་ལུགས་བཟོས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གསོ་སྦྱོང་སྡེ་ཁག་དང་དཔྱད་འཇོག་སྤེལ་བ། དཔང་ཡིག་སྤྲོད་པ་སོགས་གནད་དོན་ལ་རྒྱུན་ལྡན་ཅན་གྱི་དོ་དམ་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།