ཀྲུང་གོ་བོད་ཀྱི་དྲ་བ།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི་གཞུང་ལམ་དང་ཆུ་ལམ་གྱི་འགྲུལ་སྐྱེལ་ལམ་ཐིག་ཐོག་གི་འགྲུལ་པའི་སྤ་སེར་རིན་མི་དགོས་པར་ཕྱིར་སློག་བྱེད་ཆོག།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཉེ་ལམ་རྙོག་འཛིང་དང་ཛ་དྲག་གི་ནད་ཡམས་འགོག་སྡོམ་གྱི་དུས་བབ་ལ་དམིགས་ནས། དགོས་པ་མེད་པའི་མི་སྣ་འཁོར་རྒྱུག་ཇེ་ཉུང་དུ་གཏོང་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུས2022ལོའི་ཟླ3པའི་ཚེས15ཉིན་གྱི་ཆུ་ཚོད0ནས་བཟུང་། གཞུང་ལམ་དང་ཆུ་ལམ་འགྲུལ་སྐྱེལ་ས་ཚུགས་དང་འགྲུལ་སྐྱེལ་དྲ་སྦྲེལ་གྱི་སྤ་སེ་འཚོང་བའི་སྟེགས་བུ་སོགས་ཀྱི་ཐབས་ལམ་བརྒྱུད་འགྲུལ་སྐྱེལ་ལམ་ཐིག་གི་སྤ་སེ་ཉོས་པ་དག་གིས། གལ་སྲིད་རང་མོས་ངང་ལམ་ཐིག་བསྒྱུར་ནས་སྤ་སེ་ཕྱིར་སློག་བྱེད་དགོས་ཚེ། སྤ་སེ་འཚོང་མཁན་སྡེ་ཁག་གིས་རིན་མི་དགོས་པར་ལས་སྒྲུབ་བྱེད་དགོས་པ་དང་། མི་ལུས་ཀྱི་བསམ་ཡུལ་འདས་པའི་གནོད་འཚེའི་འགན་བཅོལ་མཉམ་དུ་རིན་མེད་ངང་ཕྱིར་སློག་བྱེད་དགོས།

ས་གནས་ཁག་གིས་རིམས་ནད་འགོག་སྡོམ་གྱི་དགོས་མཁོར་གཞིགས་ནས་ས་གནས་དེ་གའི་གཞུང་ལམ་དང་ཆུ་ལམ་གྱི་འགྲུལ་སྐྱེལ་ལམ་ཐིག་གནས་སྐབས་གཏོང་མཚམས་འཇོག་དགོས་ཚེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་། དེའི་ཡར་སྔོན་ལ་འགྲུལ་པས་སྤ་སེ་ཉོས་ཟིན་ཚེ། སྤ་སེ་འཚོང་མཁན་སྡེ་ཁག་གིས་རིན་མི་དགོས་པར་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གཉེར་དགོས་པ་དང་། མི་ལུས་ཀྱི་བསམ་ཡུལ་འདས་པའི་གནོད་འཚེའི་འགན་བཅོལ་ཉོས་ཡོད་ཚེ་མཉམ་དུ་རིན་མེད་ངང་ཕྱིར་སློག་བྱེད་དགོས

ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

2022ལོའི་ཟླ3པའི་ཚེས14ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།