ཀྲུང་གོ་བོད་ཀྱི་དྲ་བ།

《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་མཉམ་འདྲེས་སྨྱན་བྱད་ཀྱི་ཀློག་དེབ་དང་སློབ་སྦྱོང་གི་དཔྱད་གཞི་དཔེ་སྐྲུན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས2000ལོའི་ཟླ3པའི་ཚེས5ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཕུལ་བའི《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་དེབ་རྐྱང་མ་དང་བརྙན་ཟློས་ཀྱི་པར་རིས་པར་གཞི་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་། གློག་རྡུལ་དཔེ་དེབ་དང་སྐད་སྦྱར་ཡོད་པའི་དཔེ་དེབ་སོགས་མཉམ་འདྲེས་སྨྱན་བྱད་ཀྱི་དཔེ་སྐྲུན་ཡིག་རིགས་དག་དྲ་རྒྱའི་སྟེགས་བུ་མང་པོའི་སྟེང་ཤར་གཏོང་དང་ཁྱབ་བསྒྲགས་བྱས།

རྒྱ་ཆེའི་ཀློག་པ་པོས་སྔར་ལས་ལྷག་པར《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་དགོངས་དོན་གྱི་གོ་བ་ལེན་ཆེད། མི་དམངས་དཔེ་སྐྲུན་དང་ཀྲུང་གོ་ཧྲི་ཡན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི〈སྲིད་གཞུང་བྱ་བའི་སྙན་ཞུ〉ཡི་ཟུར་ཁྲིད་ཀློག་དེབ》དུས་མཉམ་དུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།