ཀྲུང་གོ་བོད་ཀྱི་དྲ་བ།

​པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་བ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་བཅས་དང་དབང་སྐྱོན་འགྲན་ཚོགས་ཨུ་ལྷན་ཀྲུའུ་ཞི་ཕ་སེན་སི་སོགས་མཛད་སྒོར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་གྱི་དགོང་མོ་པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་རེད།

1.jpg

ཟླ3པའི་ཚེས13ཉིན་གྱི་དགོང་མོ་པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མཇུག་སྒྲིལ་མཛད་སྒོར་ཞུགས། 

2.jpg

ཟླ3པའི་ཚེས13ཉིན་གྱི་དགོང་མོ་པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མཇུག་སྒྲིལ་མཛད་སྒོར་ཞུགས། 

ཨོ་རྩལ་འགྲན་ཚོགས་གཉིས་ལ་དེ་བཞིན་དུ་ངོ་མཚར་ཆེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྗེས། པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་དང་ཐོགས་མེད་སྒྲིག་བཀོད་འཐུས་ཚང་ཡིན་པ། མི་གཤིས་ཅན་གྱི་ཞབས་ཞུ་བཅས་ཀྱིས་ལུས་རྩལ་པ་དང་རྩལ་ཁྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། འདས་པའི་ཉིན9ཡི་རིང་། རྒྱལ་ཁབ(ས་ཁུལ)46ནས་ཡོང་བའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ600ཡིས་སྤྲོ་སེམས་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་བཅིངས་ནས། འབད་བརྩོན་ལྷོད་མེད་དང་སྤྲོ་སྣང་ཡར་བརྩོན་གྱི་བློ་སྤོབས་མངོན་པར་མཚོན་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ18དང་གཟེངས་རྟགས་61བླངས་ཏེ། དེ་ནི་གསེར་གྱི་རྟགས་མའི་ཨང་རིམ་དང་གཟེངས་བསྟོད་རྟགས་མའི་ཨང་རིམ་དང་པོ་ཡིན་པ་དང་། དགུན་དུས་ཀྱི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

མཚན་མོའི་རྒྱལ་ཁབ་ལུས་རྩལ་ཐང་དུ་འོད་སྣང་རབ་ཏུ་འཕྲོ་བ་དང་། ནམ་ཡང་བརྗེད་ཐབས་མེད་པ་ནི་མཛའ་བརྩེ་ཟབ་མོ་དེ་ཡིན།

《ཞི་བདེ—ལས་དབང་གཅིག་མཐུན་འདུས་གྲུབ》ཀྱི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕ་སེན་སི་སོགས་དང་མཉམ་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ཏེ་ལྟད་མོ་བ་ཚོར་ཕྱག་གཡུག་གནང་ནས་འཚམས་འདྲི་གནང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

3.jpg

ཟླ3པའི་ཚེས13ཉིན་གྱི་དགོང་མོར། པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་ཐོག་ཚང་མར་ཕྱག་གཡུག་གནང་བཞིན་པའི་ཚུལ་ཡིན།

4.jpg

ཟླ3པའི་ཚེས13ཉིན་གྱི་དགོང་མོར། པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིས་ཀྲུའུ་ཞིའི་སྟེགས་བུའི་ཐོག་ཚང་མར་ཕྱག་གཡུག་གནང་ནས་འཚམ་འདྲི་གནང་བཞིན་པའི་ཚུལ་ཡིན།

སྙན་འཇེབས་ཀྱི་རོལ་དབྱངས་འགྱུར་ཁུག་དང་བསྡོངས་ནས་མཇུག་སྒྲིལ་མཛད་སྒོའི་མགོ་ཚུགས་འཁྲབ་སྟོན་དངོས་སུ་མགོ་བརྩམས། ལུས་རྩལ་ཐང་གི་དཀྱིལ་གྱི་བརྙན་ཤེལ་ཆེན་པོའི་ཐོག་སྐད་པར་འཁོར་ལོ་ཞིག་མངོན་པ་དང་། དབང་པོ་སྐྱོན་ཅན་དང་བདེ་ཐང་གི་མིའི་འཁྲབ་སྟོན་པས་མཉམ་དུ་སྒྲ་མདའ་དལ་བུར་སྒུལ་ཏེ། གསེར་མདོག་གི་སྐད་པར་འཁོར་ལོ་དེ་འཁོར་མགོ་བརྩམས་པ་རེད། ཉིན་དགུའི་འགྲན་སྡུར་གྱི་ངོ་མཚར་ལྡན་པའི་སྐད་ཅིག་མ་དེ་དག་རེ་རེ་བཞིན་བརྙན་ཤེལ་དུ་མངོན།

མི་ཚང་མ་ཡར་ལངས་ནས་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་ཡར་བསྒྲེངས།

སྐད་པར་འཁོར་ལོའི་སྟེང་གི་གསེར་མདོག་གི་སྐད་སྡེར་དེ་ནི་འོད་ཆེམ་ཆེམ་དུ་འཕྲོ་བའི་དགུ་ཚིགས་ཁྲོད་ཀྱི་ལྗང་མདོག་གི་སའི་གོ་ལར་གྱུར་ཞིང་། འགྲན་བསྡུར་ནང་ཞུགས་མཁན་འཐུས་མི་ཚོགས་པ་སོ་སོས་དར་ཆ་མཐོན་པོར་བསྒྲེངས་ནས་ཚོགས་རར་ཞུགས་པ་དང་འབྲེལ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས།

གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་པའི་ཨུ་ལྷན་གྱི་ཨུ་ཡོན2འགྲན་རའི་དཀྱིལ་དབུས་སུ་ཡོང་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་འཐུས་མི6ལ་མེ་ཏོག་ཕུལ་ཏེ་གུས་འདུད་ཞུས་པ་དང་སྦྲགས་དང་བླངས་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཞིང་། བརྙན་ཤེལ་ཆེན་པོའི་ཐོག་དང་བླངས་པའི་སེམས་རྩ་འཁོལ་པོས་ཞབས་ཞུ་ཡག་པོ་བྱེད་པའི་མི་སེམས་འགུལ་བའི་སྣང་བརྙན་མངོན།

སྙན་འཇེབས་ཀྱི་རོལ་དབྱངས་གྲགས་པ་དང་བསྟུན། དབང་པོ་སྐྱོན་ཅན་དང་བདེ་ཐང་གི་མིའི་འཁྲབ་སྟོན་པས་མཉམ་དུ་འཁྲབ་སྟོན་བྱས་པའི《བརྩེ་བའི་འབོད་སྐུལ》ཀྱིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག དབང་པོ་སྐྱོན་ཅན་གྱི་ཨོག་ལེན་ཆེ་བའི་རོལ་ཆ་དཀྲོལ་མཁན་གྱིས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཚོགས་གླུ་དཀྲོལ་བ་དང་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཚོགས་དར་དལ་གྱིས་མར་ཕབ་པ་རེད།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཚོགས་དར་སྤྲོད་ལེན་གྱི་མཛད་སྒོ་མགོ་ཚུགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲེན་ཅི་ཉིང་གིས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་གཡུག་གཡུག་བྱས་ནས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིར་སྤྲད་པ་རེད། ཕ་སེན་སིས་ཚོགས་དར་སྐབས་རྗེས་མའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་དབྱི་ཐ་ལིའི་སྨི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སི་ཁ་ཝུའུ་ཙུའོ་དང་། ཁོར་ཏི་ནཱ་ཏན་ཕེ་ཙུའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་ཏི་ན་ལ་སྤྲད་པ་རེད།

ཡུལ་དངོས་སུ་དབྱི་ཐ་ལིའི་རྒྱལ་གླུ་གྲགས་པ་དང་དབྱི་ཐ་ལིའི་རྒྱལ་དར་བསྒྲེངས་བ་རེད། བརྙན་ཤེལ་ཆེན་པོའི་ཐོག་སྐབས་རྗེས་མའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་གྱི་བརྙན་ཐུང《ང་ཚོ་ནི་འོད་ཡིན》ཞེས་པ་བསྟན་པ་རེད།

དེའི་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་གསུངས། ཁོང་གིས་བརྗེད་པར་དཀའ་བའི་ཉིན9ཡི་ནང་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པས་བློ་སྟོབས་བརྟན་པོར་བརྟེན་ནས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཏེ། སྤྲོ་སྣང་ཡར་བརྩོན་གྱི་མི་ཚེའི་རྣམ་འགྱུར་དང་འདྲ་མཉམ་རང་སྟོབས་ཀྱི་ཚེ་སྲོག་གི་ལ་རྒྱ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་བསམ་པའི་སྟོབས་ཤུགས་བཅས་མངོན་ནས་འཛམ་གླིང་ཡོངས་ལ་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་རོལ་མྱོང་བྱེད་དུ་བཅུག དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་དག་གིས་མཐུན་སྒྲིལ་རོགས་ལས་བྱས་པ་དང་། སྨྱན་སྦྱོར་ཁག་གིས་གནས་ཚུལ་ཞིབ་ཚགས་བརྒྱུད་བསྒྲགས་བྱས་ནས་གོ་ལ་ཧྲིལ་པོར་ངོ་མཚར་ཆེ་བའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་མངོན་པར་བཀྲམས་པས། ཞབས་ཞུ་འགན་ལེན་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། ཚང་མའི་འབད་བརྩོན་གྱིས་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་སྟབས་བདེ་དང་བདེ་འཇགས། ངོ་མཚར་བཅས་བསྐྲུན་ཡོད། ང་ཚོས“བློ་སྟོབས་དང་ཆོད་སེམས། སྐུལ་ལྕག འདྲ་མཉམ”བཅས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལྟ་བ་མུ་མཐུད་དར་སྤེལ་བཏང་ནས། ལག་གདང་མཉམ་སྦྲེལ་གྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་བས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཡོད་ཞེས་བཤད།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སིས་ཤིས་ཚིག་ནང་བསྟན་དོན། པེ་ཅིང་གི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་མི་རྣམས་ཧང་སངས་པ་དང་བདེ་འཇགས་བློས་འགེལ་ཆོག་པ། ངོ་མཚར་ཆེ་བ་བཅས་བྱུང་ནས་འབྱུང་འགྱུར་གྱི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་ཚད་ཤིང་བཙུགས་ཡོད། ཀྲུང་གོ་དེ་ཡང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་གྱུར་པར་རྟེན་འབྲེལ་ཞུ་རྒྱུ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་ཡོངས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇུག་ཏུ་ཕ་སེན་སིས་པེ་ཅིང་གི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ལུས་རྩལ་པ་ཚོར་ལོ་བཞིའི་རྗེས་སྨི་ལན—ཁོར་ཏི་ནཱ་ཏན་ཕེ་ཙུའོ་རུ་སླར་ཡང་མཉམ་འཛོམས་བྱེད་པའི་འབོད་སྐུལ་གནང་།

དབང་པོ་སྐྱོན་ཅན་མང་པོའི་འཛུམ་མདངས་ཀྱིས་གྲུབ་པའི་བརྙན་ཐུང་དེས་མཐའ་མཇུག་གི་ཞལ་གྱེས་དུས་སྐབས་ཀྱི་མགོ་བརྩམས། བརྗེད་ཐབས་བྲལ་བའི་དྲན་པའི་ངོས་ཀྱི་བརྙན་རིས་རེ་རེ་ཡང་བསྐྱར་སྐད་པར་འཁོར་ལོའི་སྟེང་མངོན་པ་རེད། 《ཁ་བའི་འདབ་མ》ཞེས་པའི་མི་སེམས་འགུལ་བའི་འགྱུར་ཁུག་དང་བསྟུན་ནས“ཁ་བའི་འདབ་མ་ཆེན་པོ”བཟོ་དབྱིབས་སུ་བྱས་པའི་པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་དལ་གྱིས་གཟིམ་པ་རེད།

དམུས་ལོང་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པའི་བྱིས་པ་ཚོའི་སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད། “པེ་ཅིང2022”ཞེས་པའི་ཚོན་ཁྲའི་ཤོག་སྦག་གི་ཡི་གེ་དེ་ལུས་རྩལ་ཐང་གི་མཁའ་དབྱིངས་སུ་རབ་ཏུ་འཚེར།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས་ཡོད།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་འགན་འཁུར་བ་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།