ཀྲུང་གོ་བོད་ཀྱི་དྲ་བ།

ལས་རིགས་སོ་སོའི་མི་སྣས་སུང་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་འཁོར་གོ་བདུན་ལོན་པར་རྗེས་དྲན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་གྱི་སྔ་དྲོར། རྒྱལ་སའི་ལས་རིགས་སོ་སོའི་མི་སྣ་པེ་ཅིང་ཀྲུང་ཧྲན་སྤྱི་གླིང་ཀྲུང་ཧྲན་ཐང་དུ་འདུས་ནས། མདོར་བསྡུས་དུས་ཐུང་དང་རྔམ་བརྗིད་ལྡན་པའི་མཛད་སྒོ་བསྡུས་ཏེ། སྐུ་ཞབས་སུང་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་འཁོར་གོ་བདུན་ལོན་པར་རྗེས་དྲན་ཞུས་པ་དང་། རླབས་ཆེ་བའི་དམངས་གཙོ་གསར་བརྗེའི་སྔོན་བསྐྱོད་པར་རྗེས་དྲན་ཞུས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཆིན་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝན་ཨི་ཞང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཞུས་ཡིས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚབ་བྱས་པ། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཐན་ཞུས་ཞང་གིས་པེ་ཅིན་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཧུང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། སྐུ་ཞབས་སུང་ཀྲུང་ཧྲན་གི་འདྲ་པར་མདུན་དུ་མེ་ཏོག་ཕུལ།

རྗེས་དྲན་མཛད་སྒོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་མགོ་འཛིན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།