ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ། 

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས།

ཝང་དབྱང་གིས་གསུང་བཤད་གནང་།

ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་རྫོགས་ནས་མཇུག་འགྲིལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་རྫོགས་ནས་ཚེས10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད། ཚོགས་འདུས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ནང་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་པའི་བྱ་སྤྱོད་དངོས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་བ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་རྒྱལ་ཁ་གསར་པ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་ཞིང་ཆེ་བ་འབུལ་དགོས་ཞེས་འབོད་སྐུལ་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧི་ལི་ཧྥུང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། 

ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་རྫོགས་ནས་མཇུག་འགྲིལ། 

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅེ། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།  

སྔ་དྲོའི་ཆུ་ཚོད9པར། མཇུག་འགྲིལ་ཚོགས་འདུ་མགོ་བརྩམས། ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པར་ཨུ་ཡོན2157ཕེབས་དགོས་པ་དང་། ཨུ་ཡོན1969དངོས་སུ་ཕེབས་ཡོད། དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཞེས་ཁྱབ་བསྒྲགས་བྱས། 

 ཚོགས་འདུའི་ཐོག སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་། 

  

ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་རྫོགས་ནས་མཇུག་འགྲིལ། 

ཝང་དབྱང་གིས་གསུང་བཤད་ནང་བསྟན་དོན། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ཁྱབ་ངང་དྲང་ནུས་གཅིག་ཏུ་བསྡུས་ཤིང་སྙིང་སྟོབས་རབ་ཏུ་སྤེལ་བས། འདི་ནི་དར་ཆ་མཐོན་པོར་སྒྲེང་ཞིང་དམངས་གཙོ་མཐུན་སྒྲིལ་བྱེད་པ། བདེན་འཚོལ་དངོས་གཉེར་བྱེད་པ། མདོར་བསྡུས་ལ་ཕན་འབྲས་ཆེ་བའི་ཚོགས་ཆེན་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་ཚོ་ཚོགས་ཆེན་གྱི་མགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་ཤིང་། རིགས་ཁོངས་ཚོ་ཆུང་དུ་ཕེབས་ནས་བསམ་འཆར་ལ་གསན་པ་དང་། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གྲོས་བསྡུར་བྱས་ཡོད། ཨུ་ཡོན་ཡོངས་ཀྱིས་ནན་ཏན་སྒོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་པ་རེད། ཨུ་ཡོན་ཚོས “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཏན་ཏིག་སྒོས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།  ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་བྱེད་པ་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ད་ལོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློའི་ཁྲིད་སྟོན་ཐད་ཕན་འབྲས་དངོས་ཐོན་པ་དང་། གྲོས་མོལ་དང་ཇུས་འདོན་ཐད་གྲུབ་འབྲས་ཐོན་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་བཞག་སྟེ། བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེ་ཡི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གཅིག་མཐུན་གྱིས་བསྟན། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་འགན་སྒྲུབ་བྱེད་པའི་ལོ་མཐའ་མ་རེད། སྐབས་འདིའི་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག ང་ཚོས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་པའི་ཆབ་སྲིད་རྩ་འཛུགས་འདིས་ང་ཚོར་སྤྲད་པའི་འགན་འཁྲི་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱེད་དགོས་ཞེས་བཏོན་ལ། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་གླེང་བ་དང་། ངེས་པར་དུ་མི་དམངས་ལྟེ་བར་བཟུང་ནས་རང་འགན་གཙང་སྒྲུབ་བྱེད་པ། ངེས་པར་དུ་བདེན་འཚོལ་དངོས་གཉེར་གྱིས་གྲོས་མོལ་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། ལོ་ངོ་བཞིའི་རིང་། ང་ཚོས་ནན་ཏན་སྒོས་ལས་ཀའི་རྩ་དོན་དང་འདུ་ཤེས་འདི་དག་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་ནུས་པ་དང་དམངས་ལ་བཅང་བའི་བརྩེ་སེམས། གྲོས་མོལ་བྱེད་པའི་འཇོན་ཐང་བཅས་ཆེ་རུ་ཕྱིན་ཡོད། བགྲོད་ལམ་གསར་པའི་ཐོག རྩ་དོན་དང་འདུ་ཤེས་འདི་དག་ངེས་པར་དུ་ཐོག་མཐའ་ཀུན་དུ་མཐའ་འཁྱོངས་བྱས་ནས་སྔར་ལས་ལེགས་པོར་སྒྲུབ་དགོས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་བྱ་བར་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། དམངས་ཀྱི་དོན་དུ་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དོན་དངོས་ཐོག་མི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་གཏིང་ཟབ་བྱེད་པ། ཐབས་འདོན་ཤུགས་འབུལ་བྱས་ཏེ་དམངས་ཀྱི་སེམས་ཁྲལ་སེལ་བ། སྤྱོད་ཚུལ་བཟང་བོས་དམངས་སེམས་བསྡུ་བ། མི་དམངས་ཀྱི་འབོད་སྒྲར་ཉན་པ། མི་དམངས་ཀྱི་བློ་གྲོས་བསྡུ་བ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པར་དམིགས་ནས། ཨུ་ཡོན་གྱི་བྱ་བ་དེ་ཀྲུང་ཧྭའི་ས་གཞི་ཆེན་མོའི་ཐོག་འབྲི་བ་དང་། ལས་རིགས་སོ་སོའི་མང་ཚོགས་ཀྱི་ཁས་ལེན་ནང་འཇུག་དགོས། སྔར་ལས་ལེགས་པོའི་སྒོ་ནས་གྲོས་མོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོས་མོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོས་མོལ་རིག་གནས་སྐྱེད་སྲིང་བྱེད་པ། ཉམས་མྱོང་དང་བྱེད་སྟངས་གསར་པ་ཕྱོགས་སྡོམ་བྱེད་པར་སྣང་ཆེན་བྱས་ཏེ། དོན་དག་ཡོད་ཚེ་གྲོས་བསྡུར་བྱེད་པ་དང་། མི་ཡོངས་ཀྱི་དོན་དག་མི་ཡོངས་ཀྱིས་གྲོས་བསྡུར་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་བཏང་ནས། གནད་དོན་ལ་འཕྲད་ཚེ་གྲོས་མོལ་མང་ཙམ་བྱེད་པ་དང་། ཕྱོགས་གཉིས་མཉམ་འགུལ་སྒོས་གྲོས་མོལ་བྱེད་པ། ལྷག་བསམ་ཟོལ་མེད་ཀྱིས་གྲོས་མོལ་བྱེད་པ། གླེང་མོལ་གང་ལེགས་བྱེད་པ་བཅས་ཀྱིས་གྲོས་མོལ་གཏིང་ཟབ་བཅས་བྱེད་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”གཏོང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཕུགས་བསམ་དང་དད་སེམས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་གཡོར་མོ་རླུང་ལ་བརྟེན་ནས། ལྷོད་གཡེང་མེད་པར་རང་འགན་གཙང་སྒྲུབ་བྱེད་པ་དང་། ཡང་འབད་བསྐྱར་འབད་སྒོས་མདུན་སྐྱོད་ཀྱི་ལེའུ་བརྩམ་ནས། ལོ་ལྔའི་དུས་ཐེངས་གཅིག་གི་རྒྱུགས་ལན་ཚད་གཞིར་རན་པ་ཞིག་སྤྲད་དེ། བྱ་སྤྱོད་དངོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་སོགས་གདན་ཞུ་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས། །

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།