ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཐའེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་ཐའེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་ཐའེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས། འཐུས་མི་ཁྲིན་ཅུན་དང་། ཧྥུའུ་ཀྲི་ཀུན། ལེང་ཀྲི་ཆང་སོགས་ཀྱི་གཏམ་བཤད་ལ་གསན་རྗེས། ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཐའེ་ཝན་བྱ་བར་ཕན་འབྲས་ལྡན་ཞིང་བརྟན་ཐོག་གོང་འཕེལ་གྱི་རྣམ་པ་མངོན་ཡོད། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། ཐའེ་ཝན་མཚོ་འགག་གི་ཁ་ཕྱོགས་གཏན་ཁེལ་མིན་ལ་བརྟན་བརླིང་མིན་པའི་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་དུས་བབ་དང་གནས་བབ། དྲང་བདེན་བཅས་ཐོག་མཐའ་ཀུན་དུ་ང་ཚོའི་ཕྱོགས་སུ་གནས་ཡོད་པས། ང་ཚོར་རྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཡོད། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་དང་ཏང་ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་བཙུགས་ཤིང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་བཅས་བྱས་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དམ་འཛིན་བྱེད་པ་དང་། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་པ། སྤུན་ཟླའི་བདེ་སྐྱིད་འཕེལ་བའི་ཇུས་གཞི་མང་ཙམ་བཟོ་བ། འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་མང་ཙམ་རྒྱག་པ། བློ་སེམས་གཅིག་མཐུན་གྱི་བྱ་ཐབས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།