ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས5ཉིན། ཙུང་ལི་ལི་ཁེ་ཆང་གིས་བྱ་བའི་བྱ་བའི་སྙན་ཞུ་ཕུལ་ཡོད་ཅིང་། གཙོ་གནད་ལ་གཤམ་གསལ་ལྟར།

གཅིག ན་ནིང་གི་བྱ་བར་ཕྱིར་དྲན།

རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང8.1%འཕར་ཡོད།

སྡོད་དམངས་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ8.1%འཕར་ཡོད།

གྲོང་རྡལ་དུ་ལས་ཞུགས་མི་སྣ་ཁྲི1269གསར་སྣོན་བྱས་ཡོད།

ཁྲལ་འཕྲི་ཡོན་གཅོག་སྒོར་དུང་ཕྱུར་ཁྲི1ལས་བརྒལ་བ་གསར་སྣོན་བྱས་ཡོད།

རིམས་འགོག་སྨན་ཁབ་རྒྱག་ཐེངས་ཡོངས་སུ་ཁྱབ་ཚད85%ལས་བརྒལ་ཡོད།

       གཉིས། ད་ལོའི་སྔོན་རྩིས་དམིགས་འབེན་གཙོ་བོ།

       རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར5.5%ཡས་མས་འཕར་རྒྱུ།

       གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི1100ཡན་གསར་སྣོན་བྱ་རྒྱུ།

       སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་འཕར་ཚད3%ཡས་མས་ཟིན་རྒྱུ།

       འབྲུ་རིགས་ཀྱི་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3གྱི་ཡན་རྒྱུན་འཁྱོངས་བྱ་རྒྱུ།

གསུམ། ད་ལོའི་གཙོ་གནད་བྱ་བ་སྐོར་ཞིག

ནོར་སྲིད། ད་ལོའི་ཆད་གྲངས་ཀྱི་ཚད2.8%ཡས་མས་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་གིས་ས་གནས་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.5ལྷག་དང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི9.8ཙམ་ཇེ་མང་དུ་འགྲོ་རྒྱུ་རེད།

       སྲིད་གཞུང་གི་དངུལ་གཏོང་། ད་ལོར་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར་ཁྲི3.65བཀོད་སྒྲིག་བྱེད་རྩིས་ཡོད།

       ཁྲལ་འཕྲི། ཚོད་རྩིས་ལྟར་ན་ལོ་ཧྲིལ་བོར་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི2.5་ཕྱིར་སློག་དང་ཇེ་ཉུང་དུ་བཏང་སྟེ། དེའི་ཁྲོད་སྒོར་དུང་ཕྱུར་ཁྲི1.5ཙམ་ཁྲལ་སློག་ཉུང་འཇོག་བྱེད་དགོས།

       ལས་ཞུགས། ལས་ཤོར་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར1000སྤྱད་དེ་ལས་གནས་བརྟན་བརླིང་དང་གསོ་སྦྱོང་ཐད་རྒྱབ་སྐྱོར་བྱེད་དགོས།

    སྲིད་དོན་ཞབས་ཞུ། “ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་པའི”ཁྱབ་ཁོངས་རྒྱ་བསྐྱེད་དེ། གློག་རྡུལ་དཔང་ཡིག་ཕན་ཚུན་ཁས་ལེན་པ་ཕལ་ཆེར་མངོན་འགྱུར་བྱེད་དགོས།

       འཛད་སྤྱོད། ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཛད་སྤྱོད་ལ་མུ་མཐུད་དུ་རྒྱ་བསྐྱེད་དེ། ས་གནས་ཀྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱོད་པ་དང་རྙིང་ཚབ་གསར་བྱེད་སྤེལ་བར་བསྟོད་སྐུལ་བྱེད་དགོས།

        གསར་གཏོད། རྨང་གཞིའི་ཞིབ་འཇུག་ལོ་བཅུའི་འཆར་འགོད་ལག་བསྟར་བྱས་ཏེ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ལོ་གསུམ་གྱི་འགག་སྒྲོལ་ཇུས་གཞི་ལག་བསྟར་བྱེད་དགོས།

       གྲོང་གསེབ་དར་སྤེལ། དབུལ་ཐར་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་སྤེལ་མགོ་རྩོམ་དགོས།

       སྒོ་འབྱེད། རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་པོའི་བར་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་གི་ཆོད་ཡིག་ལ་གན་རྒྱ་འཇོག་པར་སྐུལ་འདེད་གཏོང་དགོས།

       ཁོར་སྲུང་། ནུས་ཁུངས་དང་ཆུ་གྲོན་ཆུང་བྱེད་པ་དང་། དངོས་རྫས་རྙིང་བ་རྒྱུན་འཁོར་བེད་སྤྱོད་བྱེད་པ་སོགས་ཁོར་སྲུང་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

       སློབ་གསོ། འོས་འགན་སློབ་གསོའི་དུས་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས།

        སྨན་བཅོས་འགན་བཅོལ། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སོ་སོར་ཡང་བསྐྱར་སྒོར30རེ་དང་སྒོར5རེ་ཇེ་མཐོར་གཏོང་དགོས།

       སྤྱི་ཚོགས་འགན་སྲུང་། བྱིས་པ་གསུམ་བཙའ་བའི་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཀུན་ཕན་བཅོལ་གསོ་ཞབས་ཞུ་འཕེལ་རྒྱས་སུ་གཏོང་དགོས།

        སྡོད་ཁང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། བོགས་གཏོང་ཁང་བའི་ཚོང་ར་འཕེལ་རྒྱས་སུ་བཏང་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

        རིག་གནས་དང་ལུས་རྩལ། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་ར་བའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས།

        ཞང་ཀང་དང་ཨོ་མིན། ཐའེ་ཝན། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།