ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།(གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།

ད་ལོར་བསྡུ་རྒྱུ་ནི།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ།

2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པའི་དུས་ཚོད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ2022ལོའི་ཟླ3པའི་ཚེས5ཉིན་བསྡུ་རྒྱུ་ཡིན་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ2022ལོའི་ཟླ3པའི་ཚེས4ཉིན་བསྡུ་རྒྱུ་ཡིན་པ།

2

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།

འདི་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཡིན།

རྒྱུན་གནས་ལས་ཁུངས་ནི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

འགན་ཡུན་ནི། སྐབས་རེའི་འགན་ཡུན་ནི་ལོ5དང་ལོ་རེར་གྲོས་ཚོགས་ཐེངས1རེ་བསྡུ་བ།

འགན་དབང་། 

རྩ་ཁྲིམས་ལ་བཟོ་བཅོས།

རྩ་ཁྲིམས་ཀྱི་ལག་བསྟར་ལ་ལྟ་སྐུལ།

ཉེས་དོན་བཅའ་ཁྲིམས་དང་དམངས་དོན་བཅའ་ཁྲིམས། རྒྱལ་ཁབ་ལས་ཁུངས་དང་གཞན་པའི་གཞི་རྩའི་ཁྲིམས་ལུགས་གཏན་འབེབས་དང་བཟོ་བཅོས།

རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་ཁོངས་མིའི་འདེམས་བསྐོ་དང་ཐག་གཅོད། གོ་གནས་འབེབས་པ།

རྒྱལ་ཁབ་ཀྱི་གཙོ་གནད་དོན་ཚན་ཐག་གཅོད་པ།

ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས་པའི་འགན་དབང་གཞན་དག་ཡོད་པ།

3

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཅི་ལྟར་བྱུང་བ་ཡིན་ནམ།

ཀྲུང་གོའི་སྤྱི་དམངས་ཡིན་པ། ལོ18ལ་སོན་པ། ཁྲིམས་ལྟར་ཆབ་སྲིད་དབང་ཆ་འཕྲོག་ལེན་བྱས་མེད་པ།

ཁྲིམས་ལྟར་འདེམས་དམངས་ཀྱི་ཐོབ་ཐང་ཐོ་འགོད་བྱེད་དགོས་པ།

འདེམས་དམངས།

ཐད་ཀར་འདེམས་བསྐོ།

( འདེམས་དམངས་ཀྱིས་ཐད་ཀར་འདེམས་ཤོག་འཕངས་ནས་བསྐོ་འཇོག་བྱེད་པ།)

སྤྱོད་ཡུལ། རྫོང་རིམ་པའི(རྫོང་དང་རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་མངའ་ཁོངས)མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།

འདེམས་སྒུག་མི་སྣ་འོས་སྦྱོར། འདེམས་ཁུལ་སོ་སོའི་འདེམས་དམངས་དང་སྲིད་ཏང་སོ་སོ། མི་དམངས་ཚོགས་པ་སོ་སོས་མིང་འདོན་པ།

འདེམས་ཤོག་འཕེན་ཐབས། འདེམས་ཤོག་འཕེན་ས་དང་འདེམས་བསྐོ་ཚོགས་ཆེན། འཁོར་སྐྱོད་ཡིག་སྒམ། མིང་མེད་འདེམས་ཤོག་འཕེན་པ།

འདེམས་བསྐོ་བྱེད་ཐབས། གྲངས་ཁྱད་འདེམས་བསྐོ།

འདེམས་བསྐོའི་ཆ་རྐྱེན་གང་དག་ཡོད།

འདེམས་ཁུལ་གྱི་འདེམས་དམངས་ཚང་མའི་ཕྱེད་ཀ་ཡན་ཆད་འདེམས་ཤོག་འཕེན་པར་ཞུགས་དགོས་པ།

འདེམས་ཤོག་འཕེན་མཁན་གྱི་ཕྱེད་ཀ་ཡན་ཟིན་དགོས་པ།

གཞན་བརྒྱུད་འདེམས་བསྐོ།

( རིམ་པ་ཞོལ་མའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་པ།)

སྤྱོད་ཡུལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། ཞིང་ཆེན་རིམ་པའི(ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)དམངས་ཆེན་འཐུས་མི།  ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་དམངས་ཆེན་འཐུས་མི།

འདེམས་སྒུག་མི་སྣ་འོས་སྦྱོར། འདེམས་ཁུལ་དང་འདེམས་བསྐོ་ལས་ཁུངས་ཀྱིས་མིང་འདོན་པ།

འདེམས་ཤོག་འཕེན་ཐབས། རིམ་པ་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་མགོ་འཛིན་བྱེད་པ།  མིང་མེད་འདེམས་ཤོག་འཕེན་པ།

འདེམས་བསྐོ་བྱེད་ཐབས། གྲངས་ཁྱད་འདེམས་བསྐོ།

འདེམས་བསྐོའི་ཆ་རྐྱེན་གང་དག་ཡོད།

འཐུས་མི་ཡོངས་ཀྱི་ཕྱེད་ཀ་ཡན་གྱིས་འདེམས་ཤོག་འཕེན་དགོས།

4

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི།

ཀྲུང་གོ་མི་དམངས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལས་ཁུངས་གལ་ཆེན་ཡིན།

རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཡིན།

རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་ཡིན།

གྲུབ་ཚུལ། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ས་གནས་ཨུ་ཡོན་ལྷན་ཁང་བཙུགས་པ།

རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཁག་སོ་སོ། ཏང་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། གྲངས་ཉུང་མི་རིགས་ཁག་དང་ལས་རིགས་སོ་སོའི་འཐུས་མི། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་སྤུན་ཟླའི་འཐུས་མི་དང་དམིགས་བསལ་གདན་ཞུ་བྱས་པའི་མི་སྣ་བཅས་ཀྱིས་གྲུབ་པ་དང་། ཚན་ཁག་སྐོར་འགའ་བཙུགས་ཡོད་པ།

ས་གནས་ཨུ་ཡོན་ལྷན་ཁང་། ས་གནས་ཀྱི་གནས་ཚུལ་ལ་གཞིགས་ཏེ། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆ་ལྟར་ཐག་བཅད་པ།

འགན་ཡུན།

 སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ལོ5ཡིན་པ།

སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས1རེ་བསྡུ་བ།

འགན་ནུས་གཙོ་བོ།

ཆབ་སྲིད་གྲོས་མོལ། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་།

ཡི་གེ་བཅུ་དྲུག་མའི་བྱེད་ཕྱོགས།

ཡུན་རིང་མཉམ་གནས། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།