ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།(གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5

སྲིད་གྲོས་ཨུ་ཡོན་ནི་ཇི་ལྟར་བྱུང་བ་ཡིན།

སྲིད་གྲོས་ཨུ་ཡོན་ནི་གྲོས་མོལ་དང་འོས་སྦྱོར་བྱས་པ་ལས་བྱུང་བ་ཡིན།

བྱེ་བྲག་གི་གོ་རིམ་ལ་སྤྱིར་བཏང་དུ།

1.མིང་འདོན་འོས་སྦྱོར།

2.གྲོས་མོལ་བྱས་ཏེ་གྲོས་འདོན་མིང་ཐོ་གཏན་འཁེལ་བྱེད་པ།

3.སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་གྲོས་འཆམ་བྱུང་བ།

4.ཁྱབ་བསྒྲགས།

སྲིད་གྲོས་ཨུ་ཡོན་གསབ་སྣོན་བྱེད་པར་ཡང་གོང་གི་གོ་རིམ་འདི་དག་བརྒྱུད་དགོས།

སྲིད་གྲོས་ཨུ་ཡོན་དུ་བདམས་པར་ཆ་རྐྱེན་གང་དག་ཡོད་དམ།

གཞི་རྩའི་ཆ་རྐྱེན།

མེས་རྒྱལ་ལ་གཅེས་པ།

ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བརྩི་བཀུར་བྱེད་པ།

མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ།

རྒྱལ་ཁབ་ཀྱི་གསང་བ་སྲུང་བ་དང་སྤྱོད་གཙང་རང་གཅུན་བྱེད་པ།

ལས་རིགས་དེའི་ཁྲོད་འཐུས་ཚབ་རང་བཞིན་ལྡན་པ།

སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་སྲིད་ཞུགས་སྲིད་གླེང་གི་ནུས་པ་ཡོད་པ།

གཞི་རྩའི་བླང་བྱ།

མང་ཚོགས་ལ་འབྲེལ་འདྲེས་ཟབ་མོ་བྱེད་པ།

མང་ཚོགས་ཀྱི་ཕུགས་འདུན་དང་རེ་བར་རྒྱུས་ལོན་དང་ཕྱིར་མཚོན་བྱེད་པ།

གྲོས་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ཚོགས་འདུ་དང་བྱ་འགུལ་ཁྲོད་ཞུགས་པ།

6

དམངས་ཆེན་དང་སྲིད་གྲོས་ཀྱི་བརྗོད་སྟངས་མི་འདྲ་བར་ཁྱོད་ཀྱི་དབྱེ་བ་འབྱེད་ཤེས་སམ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།

བསྡུས་མིང་། རྒྱལ་ཡོངས་དམངས་ཆེན་སྐབས×པའི་གྲོས་ཚོགས་ཐེངས×པ།

འབོད་མིང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས“གྲོས་གཞི”འདོན་པ།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར“གྲོས་ཞིབ”བྱེད་པ།

དམངས་ཆེན་གྱི་འཐུས་མིས“འགན་འཁྲི་སྒྲུབ་”ཡང་ན“དབང་ཆ་ལག་བསྟར་བྱེད་པ

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།

བསྡུས་མིང་། རྒྱལ་ཡོངས་སྲིད་གྲོས་སྐབས×པའི་གྲོས་ཚོགས་ཐེངས×པ།

འབོད་མིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས“གྲོས་འཆར”འདོན་པ།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱེད་པ།

སྲིད་གྲོས་ཨུ་ཡོན་གྱིས“སྲིད་ཞུགས་སྲིད་གླེང”བྱེད་པ།

7

2022ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གླེང་གཞི་འདི་དག་ལ་དོ་སྣང་ཆེན་པོ་བྱུང་།

ཁྲིམས་ལྟར་རྒྱལ་སྐྱོང་།

ཁྲིམས་ལྟར་ཏང་སྐྱོང་།

སྤྱི་ཚོགས་འགན་སྲུང་། 

སྤྱི་ཚོགས་བཅོས་སྐྱོང་།

རྒྱལ་ཁབ་བདེ་འཇགས། 

ཚན་རྩལ་གསར་གཏོད།

སློབ་གསོ་བཅོས་སྒྱུར།

གྲོང་གསེབ་དར་སྤེལ།

བདེ་ཐང་ཀྲུང་གོ

བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ།

8

བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་མཚོན་པའི་སྒེའུ་ཁུང་གལ་ཆེན།

ཀྲུང་གོའི་དམངས་གཙོ་ནི་མི་དམངས་དམངས་གཙོ་ཡིན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་ཀྲུང་གོའི་དམངས་གཙོའི་ངོ་བོ་དང་སྲོག་ཤིང་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ང་ཚོས་དམངས་གཙོའི་ཆབ་སྲིད་ཀྱི་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཇེ་ཟབ་ཏུ་བཏང་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད།

རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལ་ཆ་ཚང་བའི་ལམ་ལུགས་གོ་རིམ་ཡོད་པ་མ་ཟད། ཆ་ཚང་བའི་ནང་ཞུགས་ཀྱི་ལག་ལེན་ཡོད། 

རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ཡིས།

བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ།

གོ་རིམ་དམངས་གཙོ་དང་ངོ་བོ་དམངས་གཙོ།

ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ།

མི་དམངས་དམངས་གཙོ་དང་རྒྱལ་ཁབ་སྙིང་སྟོབས་བཅས་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱས།

དེ་ནི་འབྲེལ་ཐག་ཡོངས་དང་ཕྱོགས་མཚམས་ཡོངས། ཁྱབ་ཚད་ཡོངས་ཀྱི་དམངས་གཙོ་ཡིན་ལ། 

དེ་ནི་ཆེས་རྒྱ་ཁྱབ་པ་དང་ཆེས་རྣམ་དག ཆེས་གོ་ཆོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན།

མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་ཐེག་བྱེད་གལ་ཆེན་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།