ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་རྩ་འཛུགས་ཁག་གྲོང་གསེབ་དར་རྒྱས་ཀྱི་བྱ་བའི་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། དམངས་སྲིད་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུའུ་ཡིས་ཉིན་འགའི་གོང་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་རྩ་འཛུགས་ཁག་གྲོང་གསེབ་དར་རྒྱས་ཀྱི་བྱ་བའི་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས། 

བརྡ་ཐོ་ནང་བསྟན་དོན། ས་གནས་ཀྱི་རིམ་པ་སོ་སོའི་གྲོང་གསེབ་དར་རྒྱས་སྡེ་ཁག་གིས་རིམ་པ་མཚུངས་པའི་དམངས་སྲིད་སྡེ་ཁག་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་འཇོན་མི་གསོ་སྐྱོང་། དམིགས་བསལ་ཚོགས་སྤྱིར་དོ་ཁུར། གྲོང་གསེབ་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་དམིགས་ནས། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་སྤྱི་ཕན་སྤུས་རྟགས་གཏོད་པའི་བྱེད་སྒོ། སྤྱི་ཚོགས་རྩ་འཛུགས་གྲོང་གསེབ་དུ་བསྐྱོད་པའི་བྱེད་སྒོ་བཅས་གཏིང་ཟབ་ངང་སྤེལ་དགོས། ཆེད་དོན་བྱེད་སྒོ་སྤེལ་བ་བརྒྱུད་སྤྱི་ཚོགས་རྩ་འཛུགས་ཀྱི་རོགས་སྐྱོར་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཁག་ཅིག་ལག་ལེན་བསྟར་མགོ་འཛུགས་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཞབས་ཞུའི་ཁྱད་ལྡན་སྤུས་རྟགས་ཁག་ཅིག་གཏོད་པ། སྤྱི་ཚོགས་རྩ་འཛུགས་ཁག་གྲོང་གསེབ་དར་རྒྱས་དང་ཁ་གཏད་རོགས་སྐྱོར་ནང་ཞུགས་པའི་དཔེ་མཚོན་ཁག་ཅིག་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས། 

བརྡ་ཐོས་གྲོང་གསེབ་དར་རྒྱས་ཁྲོད་བྱས་རྗེས་མངོན་གསལ་ཕུལ་མཁན་གྱི་སྤྱི་ཚོགས་རྩ་འཛུགས་ལ་གཟེངས་བསྟོད་ཤུགས་ཆེན་བྱས་ཤིང་། གཟེངས་བསྟོད་བརྡ་ཁྱབ་གཏོང་བ་དང་། དཔེ་མཚོན་གཏོད་པ། དཔེ་མཚོན་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྤྱི་ཚོགས་རྩ་འཛུགས་གྲོང་གསེབ་དར་རྒྱས་ཀྱི་བྱ་བའི་ནང་ཞུགས་པའི་ཧུར་སེམས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་དཔྱད་དཔོག་དང་དཔྱད་འདེམས་སོགས་ལས་དོན་ཁྲོད། སྤྱི་ཚོགས་རྩ་འཛུགས་ཁག་གྲོང་གསེབ་དར་རྒྱས་ཀྱི་བྱ་བའི་ནང་ཞུགས་པའི་དམིགས་ཚད་ཇེ་མང་དུ་གཏོང་བ་དང་། འབྲེལ་ཡོད་སྐར་གྲངས་ཀྱི་བསྡུར་ཚད་མཐོ་རུ་བཏང་ནས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་སྐུལ་ལྕག་བརྒྱུད། སྤྱི་ཚོགས་རྩ་འཛུགས་ཁག་གྲོང་གསེབ་དར་རྒྱས་ནང་ཞུགས་པའི་གསོན་ཤུགས་འཕེལ་བར་བྱེད་དགོས་པའི་གསལ་སྟོན་གནང་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།