ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་དཔེ་སྟོན་རྣམ་གྲངས་དང་ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་དཔེ་སྟོན་རྣམ་གྲངས་དང་ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་“གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་དཔེ་སྟོན་རྣམ་གྲངས་དང་ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས། སི་ཁྲོན་ཞིང་ཆེན་དམངས་དོན་ཁྲིམས་གཞུང་གྲོང་གསེབ(སྡེ་ཁུལ)ཏུ་སྐྱོད་པའི“བརྒྱ་ཕྲག་གསུམ”གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སོགས་རྣམ་གྲངས102དཔེ་སྟོན་རྣམ་གྲངས་སུ་བདམས་པ་དང་། “ཐེན་ཅིན་གྲོང་ཁྱེར་གྱིས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྨན་པ་བཟང་བོ་གཞི་རིམ་དུ་སྐྱོད་ནས་བདེ་ཐང་བསྐྱལ”ཞེས་པའི་དང་བླངས་ཞབས་ཞུའི་ཚོགས་པ་སོགས་ཐུན་མོང102དང་བླངས་ཞབས་ཞུའི་ཚོགས་པར་བདམས། ཧ་དབྱི་ཆི་སོགས་མི་སྒེར102ཞབས་ཞུའི་དཔེ་དམག་ཏུ་བདམས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གྲོང་གསེབ་ཀྱི་དོན་དངོས་དང་ཞིང་པའི་དགོས་མཁོ་ལ་གཞི་བཙུགས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས“གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་པར་ཁྲིད་སྟོན་དང་སྐུལ་སློང་བྱས་ནས། བྱ་བའི་རྨང་གཞི་ལེགས་པ་དང་། སྐུལ་ཁྲིད་ཕན་ནུས་ཆེ་བའི་སྤུས་ལེགས་རྣམ་གྲངས་མང་པོ་ཞིག་གྲུབ་པ་དང་། གྲོང་གསེབ་ཀྱི་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བའི་སྔོན་ཐོན་དཔེ་མཚོན་མང་དག་ཅིག་ཐོན་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ་དང་། གྲོང་གསེབ་འདུས་སྡོད་ལས་ཞུགས་ལ་འཚམ་པ། ཞིང་པ་འབྱོར་ལྡན་ནོར་གྱིས་ཕྱུགསཔ་བཅས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད། “གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོ་དེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རོགས་རམ་བྱེད་པའི་དམངས་སེམས་འདུ་འགོད་ཅིག་དང་། གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་སྤུས་རྟགས་རྩེ་གྲ་ཞིག་ཏུ་གྱུར་ཡོད། 

ཉམས་མྱོང་ཕྱོགས་སྡོམ་དང་སྔོན་ཐོན་ལ་ལྕག་སྐུལ་བྱ་ཆེད། 2021ལོར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཞི་རིམ་དུ་སྐྱོད་པ་གསུམ”གྱི་དཔེ་སྟོན་རྣམ་གྲངས་དང་ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་འོས་སྦྱོར་དང་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད། ཐེངས་འདིར་ཡོངས་བསྒྲགས་བྱས་པའི་དཔེ་སྟོན་རྣམ་གྲངས་དང་ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་བཅས་ཀྱི་ནང་དུ་རིགས་གཞུང་སྒྲོག་འགྲེལ་དང་རིག་གནས་དམངས་ཕན། ཚན་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ། བདེ་ཐང་གི་འོས་འགན་སྨན་བཅོས། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་ལ། ལས་ཀའི་རྨང་གཞི་ལེགས་པ་དང་། མང་ཚོགས་ཀྱི་གདེང་འཇོག་མཐོ་བ། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཡིན་སྟབས། “ཞང་གྲོང་དུ་སྐྱོད་པ་གསུམ”གྱི་བྱེད་སྒོར་ཐོབ་པའི་གཡུར་ཟ་ཞིང་འབུར་དུ་ཐོན་པའི་གྲུབ་འབྲས་གང་ལེགས་སྒོས་མངོན་ཡོད། 

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བླང་བྱ་ལྟར། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཐེངས་འདིའི་འོས་སྦྱོར་འགྲེམས་སྟོན་བྱེད་སྒོའི་ཕན་ལྡན་གོ་སྐབས་ཡག་པོར་སྤྱད་དེ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་སྔར་བས་ཤུགས་སྣོན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་སྲིད་ཇུས་བཟོ་བ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། “གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་སྤུས་ཚད་མཐོར་འདེགས་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། ཞིང་པ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བ་དང་། ཐུན་མོང་འབྱོར་ཕྱུག་གི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།