ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་གསུམ་གྱིས་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་བསྣན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུའུ་བཅས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཤུལ་བཞག་རིག་གནས་ཀྱི་རིན་ཐང་སྔོག་འདོན་འཆད་འགྲེལ་དང་བརྒྱུད་སྒྲོག་ཁྱབ་བརྡལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དུས་རབས་གསར་པའི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཀྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་རྒྱ་ཁྱབ་ངང་དྲིལ་སྒྲོག་བཅས་བྱས་མཐར། ཀྲུང་ཧྭའི་རིག་གནས་ཀྱི་གཟི་མདངས་གསར་པ་མངོན་ཅི་ཐུབ་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།