ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཞེ་བཞི་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་།   དེའི་ནང་ཕྱི་ནས་མཆེད་པའི་ནད་པ་དོན་གསུམ་ཡོད་ལ། དེའི་ཁྲོད་ཀྱི་ནད་པ་བདུན་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར།   རང་ས་གནས་ཀྱི་ནད་པ་དོན་གཅིག་ཡོད། དེའི་ཁྲོད་ཀྱི་ནད་པ་ལྔ་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་ཟིན་པའི་ནད་པར་གྱུར། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར།  ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་བདུན་བརྒྱ་ཉེར་བཞི་ཡོད།  ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བར།  ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་མི་ཐེངས་ཐེར་འབུམ་གསུམ་དང་བྱེ་བ་བརྒྱད་ས་ཡ་བཞི་འབུམ་བདུན་ཁྲི་གཅིག་སྟོང་གཉིས་ལ་འགོག་ཁབ་བརྒྱབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།