ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཏང་གསར་གྱི་ཀྲུའུ་ཞི་ཝུའུ་ཁྲེང་ཏེན་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཏང་གསར་གྱི་ཀྲུའུ་ཞི་ཝུའུ་ཁྲེང་ཏེན་དང་བཅས་པར་མཇལ་འཕྲད་གནང་སྟེ། ཁོང་ཚོ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་མཛད་སྒོར་ཞུགས་པར་དགའ་བསུ་ཞུས། 

ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཏང་གསར་གྱི་ཀྲུའུ་ཞི་ཝུའུ་ཁྲེང་ཏེན་དང་བཅས་པར་མཇལ་འཕྲད་གནང་སྟེ། ཁོང་ཚོ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་མཛད་སྒོར་ཞུགས་པར་དགའ་བསུ་ཞུས། 

ཝང་དབྱང་གིས་བསྟན་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ཀྲུང་གོ་བ་ཡོངས་ཀྱི་ཐུན་མོང་གི་ཚོགས་ར་གཙོ་བོ་ཡིན། དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་ལེགས་འགྲུབ་བྱུང་བ་ནི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་གཟི་བརྗིད་ཡིན། ཐའེ་ཝན་སྤུན་ཟླས་བྱ་ཐབས་མི་འདྲ་བའི་སྒོ་ནས་ཧུར་ཐག་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་ནི། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་འཕེལ་རིམ་ཁྲོད་ཐའེ་ཝན་སྤུན་ཟླ་ཞུགས་ཆད་བྱུང་མི་རུང་ལ་ཞུགས་ཆད་བྱུང་ཡང་མི་སྲིད།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཏང་གསར་གྱིས་དུས་ཡུན་རིང་པོའི་ནང་དར་ཆ་གསལ་སྟོན་གྱིས་རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་སྐུལ་སློང་དང་འབོད་སྐུལ་གནང་ལ། བྱ་སྤྱོད་དངོས་ནས་ལག་བསྟར་བྱས་ཡོད། དེ་སྐམ་སའི་སྤུན་ཟླ་ཚོས་མིག་མཐོང་ལག་ཟིན་དང་སེམས་ནང་དུ་བརྟན་པོར་ངེས་ཡོད། ཐའེ་ཝན་མཚོ་འགག་གི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་ཚེ། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་པའི་རིན་ཐང་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་སྲིད། རྒྱ་ཆེའི་ཐའེ་ཝན་སྤུན་ཟླས་དུས་སྐབས་དང་གནས་བབ་ལ་གསལ་པོར་བལྟ་བ་དང་། ཁེ་ཕན་དང་གནོད་འཚེ། བདེན་རྫུན་དབྱེ་འབྱེད་བཅས་གསལ་པོར་ཤེས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “ཐའེ་ཝན་རང་བཙན”གྱི་ཁ་འཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་ངོ་རྒོལ་བྱས་ཏེ། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ལྡན་དཔུང་ཁག་སྲ་བརྟན་དུ་གཏོང་དགོས་པའི་རེ་བ་ཡོད། 

ཝུའུ་ཁྲེང་ཏེན་གྱིས་སྐམ་ས་ཆེན་མོས་གདན་ཞུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་རིག་གནས་དང་རིགས་རྒྱུད་གཅིག་ཡིན་ལ་ཁྲག་རྒྱུན་ཆུ་ལས་གར་བས། ངོགས་གཉིས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་འགོག་ཐབས་བྲལ། ངོགས་གཉིས་ཀྱིས་འབྲེལ་འདྲིས་མཉམ་འདྲེས་དང་གླེང་མོལ་གྱིས་རིམ་བཞིན་ཞི་བདེ་གཅིག་གྱུར་གྱི་ཕྱོགས་སུ་བསྐྱོད་དེ། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་རེ་སྒུག་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འབོད་ཚིག་ལས་མངོན་པ་ལྟར་ང་ཚོ“མཉམ་དུ་འབྱུང་འགྱུར་ལ་ཕྱོགས”པར། ཏང་གསར་གྱིས་གདོང་ལེན་བྱེད་འདོད་ལ། རྒྱལ་ཁབ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་ངོགས་གཉིས་མི་དམངས་ལ་དབང་བའི་རེ་བའི་དཔལ་འབར་མཉམ་དུ་སྦར་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།