རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བསྒྲགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གཉིས་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་།   དེའི་ནང་ཕྱི་ནས་མཆེད་པའི་ནད་པ་ང་དྲུག་ཡོད་ལ། དེའི་ཁྲོད་ཀྱི་ནད་པ་བཅུ་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར།   རང་ས་གནས་ཀྱི་ནད་པ་ཞེ་དྲུག་ཡོད། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར།  ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་བཞི་བརྒྱ་བཅུ་དགུ་ཡོད།  ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བར།  ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་བྱེ་བ་ལྔ་ས་ཡ་དྲུག་འབུམ་དགུ་ཁྲི་དགུ་སྟོང་བདུན་ལ་བརྒྱབ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།