ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་བུད་མེད་ལུས་རྩལ་པ་འགྲན་སྡུར་ནང་ཞུགས་པའི་བསྡུར་གྲངས་བརྒྱ་ཆའི་ཞེ་ལྔར་སླེབས་པ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས14ཉིན་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཉིན་མོ་བཅུ་པ་ཡིན་ལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྨྱན་བྱད་ལྟེ་གནས་ཀྱིས་འགྲན་སྡུར་བྱེད་སྐབས་ཀྱི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་པ་བསྡུས། གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་ཐོག་མར་ཉེ་དུས་ཀྱི་འགྲན་སྡུར་ལ་བལྟས་པའི་གཞི་གྲངས་ཁྱབ་སྒྲོག་བྱས། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མཱ་ཁི·ཡ་ཏང་ཟི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། འགྲན་སྡུར་གྱི་གནས་ཚུལ་བརྒྱུད་གཏོང་བྱས་ཏེ་ཉིན་བཞི་ལས་མ་འགོར་བར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ལྟ་མཁན་གྱི་མི་གྲངས་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་བརྒལ་ཡོད་ཟེར།

ཐེངས་འདིའི་སྒྲོག་སྤེལ་ཚོགས་འདུའི་བརྗོད་དོན་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྟེང་གི་བུད་མེད་ཀྱི་སྟོབས་ཤུགས་ཞེས་པ་དེ་ཡིན། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་བུད་མེད་ལུས་རྩལ་པའི་བསྡུར་གྲངས་བརྒྱ་ཆའི་ཞེ་ལྔར་སླེབས་ཏེ། སྐབས་རིམ་བྱུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་བསྡུར་གྲངས་ལས་ཆེས་མཐོ་ཤོས་རེད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་གཞི་ཆུང་ངུ་བརྒྱ་དང་དགུ་ཡི་ཁྲོད་དུ། བུད་མེད་ཀྱི་འགྲན་སྡུར་ལས་གཞི་ཞེ་དྲུག་ཟིན་པ་དང་གསར་དུ་འཕར་བའི་འགྲན་སྡུར་ལས་གཞིས་བུད་མེད་ཀྱི་ལུས་རྩལ་པ་འགྲན་སྡུར་ནང་ཞུགས་པའི་བསྡུར་གྲངས་ཀྱི་གནད་དོན་ལ་བསམ་གཞིག་གང་ལེགས་བཏང་ཡོད།

ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིང་གསར་འགྱུར་ལྟེ་གནས་ཀྱིས་ཀྱང་ཆེད་དམིགས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།