ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རྒྱལ་ཁབ་ཀྱི་མཁོ་བསྟུན་མ་ལག་འཆར་འགོད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནོད་སྐྱོབ་སོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
འཆར་འགོད་ནང་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། མཁོ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འཕེལ་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། གཅིག་གྱུར་བཀོད་འདོམས་དང་། ཆེད་ལས་དང་ཆེད་ལས་མ་ཡིན་ན་མཉམ་འཛོམས། ཚོར་སྣང་སྐྱེན་པ། གོང་འོག་མཉམ་འགུལ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་མཁོ་བསྟུན་དོ་དམ་སྒྲིག་སྲོལ་གྲུབ་པར་བྱས་ཡོད་ཅིང་། གཅིག་གྱུར་འགོ་ཁྲིད་དང་དབང་ཆ་དང་འགན་འཁྲི་གཅིག་མཐུན། དབང་གྲགས་ལྡན་ཞིང་ཕན་འབྲས་ཆེ་བ་བཅས་ཀྱི་རྒྱལ་ཁབ་ཀྱི་མཁོ་བསྟུན་ནུས་པའི་མ་ལག་འཛུགས་རྒྱུ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་འདུམ་སེལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མཁོ་བསྟུན་རོགས་སྐྱོབ་ཀྱི་སྟོབས་ཤུགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། མཁོ་བསྟུན་དོ་དམ་གྱི་ཁྲིམས་སྐྱོང་ཆུ་ཚད་དང་ཚན་རྩལ་ཆ་འཕྲིན་ཅན་གྱི་ཆུ་ཚད། ཕྱོགས་བསྡུས་འགན་སྲུང་ནུས་པ་བཅས་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་གནོད་འཚེ་དང་འབྲེལ་བའི་དོན་རྐྱེན་སྔོན་འགོག་དང་དེར་ཁ་གཏད་འཇལ་བའི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས།
འཆར་འགོད་ལས་ཕྱོགས་བདུན་ཐད་ཀྱི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རྒྱལ་ཁབ་ཀྱི་མཁོ་བསྟུན་མ་ལག་འཆར་འགོད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།