ཀྲུང་གོ་བོད་ཀྱི་དྲ་བ།

《དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱེད་ཐབས》དེ་རིང་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག13གྱིས་བཟོ་བཅོས་བྱས་པའི《དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱེད་ཐབས》དེ་རིང(ཚེས15ཉིན)ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཆེད་མཁས་པས་བསྟན་དོན། 《བྱེད་ཐབས》ལས་དྲ་རྒྱའི་སྟེགས་བུའི་འཁོར་སྐྱོད་ཚོང་གཉེར་བའི་གཞི་གྲངས་ཐག་གཅོད་བྱ་འགུལ་སྤེལ་བའི་ཤུགས་རྐྱེན་དང་རྒྱལ་ཁབ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པ་སོགས་ཀྱི་གནས་ཚུལ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གྱི་ཁྱབ་ཁོངས་ཁྲོད་བཅུག་ཏེ། སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་ཁྲི100ལས་བརྒལ་བའི་དྲ་རྒྱའི་སྟེགས་བུ་འཁོར་སྐྱོད་ཚོང་གཉེར་བ་ཚོད་འཛིན་གསལ་བོ་བྱ་རྒྱུ་དང་། རྒྱལ་ཕྱིའི་ཚོང་ར་འདོན་པར་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གཞུང་ལས་ཁང་ལ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་ཡར་ཞུ་བྱེད་དགོས།

《བྱེད་ཐབས》ལས་འགག་རྩའི་ཆ་འཕྲིན་རྨང་གཞི་སྒྲིག་ཆསའཁོར་སྐྱོད་ཚོང་གཉེར་བས་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་སྐབས་ངེས་པར་དུ་ཐོན་རྫས་དང་ཞབས་ཞུ་དེ་བཀོལ་སྤྱོད་བྱས་རྗེས་ཀྱི་རྒྱལ་ཁབ་བདེ་འཇགས་ཉེན་ཁ་སྔོན་ལ་བརྡར་ཤ་གཅོད་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་དང་ཤུགས་རྐྱེན་ཐེབས་སྲིད་པར་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གཞུང་ལས་ཁང་ལ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།