ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མཱོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལོ་ཕེ་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཱོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལོ་ཕེ་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མཱོ་ཞི་ཁོ་ནི་དཔལ་ཡོན་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་གྱི་རིང་དང་ལྷག་པར་དུ་ཉིས་སྟོང་བཅུ་གསུམ་ལོར་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པར་ཞུགས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཉིན་རེར་ཇེ་བརྟན་དུ་གྱུར་ཞིང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་མཉམ་ལས་ཇེ་དམ་དུ་སོང་། དེང་སྐབས་ཀྱི་རིམས་ནད་མདུན་དུ་ཀྲུང་གོ་དང་མཱོ་ཞི་ཁོས་དཀའ་ཁག་མཉམ་སེལ་དང་སོ་སྲུང་རོགས་རེས་བྱས་ནས། རྒྱལ་སྤྱིའི་སྟེང་དུ་མཐུན་སྒྲིལ་སྒོས་རིམས་ནད་འགོག་སྡོམ་བྱེད་པའི་དཔེ་སྟོན་བཙུགས། ཀྲུང་གོ་དང་མཱོ་ཞི་ཁོ་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན།

ཞི་ཅིན་ཕིང་གིས་བསྟན་དོན། ངས་ཀྲུང་གོ་དང་མཱོ་ཞི་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཙུང་ཐུང་ལོ་ཕེ་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ། ཀྲུང་གོ་དང་མཱོ་ཞི་ཁོ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ནམ་ཡང་ཕན་ཚུན་ལ་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ་དང་དར་རྒྱས་མཉམ་སྤྱོད་བྱེད་པའི་གྲོགས་པོ་བཟང་པོ་བྱེད་དུ་འཇུག་འདོད་ཡོད།

ལོ་ཕེ་སི་ཡིས་བཤད་དོན། ལོ་ལྔ་བཅུའི་རིང་ལ། མཱོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་འགྱུར་བ་མེད་པའི་མཛའ་བཤེས་ཆགས་པར་བྱས་པ་དང་། ཆབ་སྲིད་དང་དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་སུ་བརྗེ་རེས་དང་མཉམ་ལས་རྒྱ་ཆེར་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་སྒོས་རིམས་ནད་འགོག་སྡོམ་གྱི་བརྒྱུད་རིམས་ཡོངས་སུ་མངོན་པར་བྱས་ཡོད། མཱོ་ཞི་ཁོ་ཕྱོགས་ཀྱིས་རིམས་ནད་འགོག་སྡོམ་བརྒྱུད་རིམ་ཁྲོད་དུ་ཀྲུང་གོས་སོ་སྲུང་རོགས་རེས་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། དེང་སྐབས་མཱོ་ཞི་ཁོ་དང་ཀྲུང་གོའི་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཕྱོགས་སུ་བབ་བསྟུན་མདུན་སྐྱོད་བྱེད་པ་དང་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རིམ་པ་མང་པོ་ནས་ལག་རྡང་སྦྲེལ་ཏེ་འགན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།