ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་དགུན་གྲོ་ཞིང་ཁའི་དོ་དམ་བྱ་བར་ཤུགས་སྣོན་པའི་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས13ཉིན། རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་དགུན་གྲོ་ཞིང་ཁའི་དོ་དམ་བྱ་བར་ཤུགས་སྣོན་པའི་གྲོས་ཚོགས་ཧྲན་ཏུང་ཞིང་ཆེན་གྱི་ཏི་ཀྲིག་གྲོང་ཁྱེར་དུ་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། དཔྱིད་འདེབས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ལོ་ཧྲིལ་བོའི་འབྲུ་རིགས་ཐད་ལོ་ལེགས་ཡོང་བར་འགན་སྲུང་བྱེད་པར་འབྲེལ་བ་ཆེན་པོ་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ཏང་སྲིད་ཀྱི་ཐུན་མོང་འགན་འཁྲི་ཡིན་པའི་འབྲུ་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཏན་ཏིག་སྒོས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། དེང་སྐབས་དགུན་གྲོའི་སྐྱེས་སྟོབས་ཞན་པ་དང་དེའི་སྐྱེས་སྟོབས་ཇེ་ལེགས་སུ་བསྒྱུར་བའི་ལས་འགན་ཧ་ཅང་ལྕི་པས། ཡུལ་བབ་དང་བསྟུན་ནས་དཔྱིད་ཀའི་ཞིང་སའི་དོ་དམ་བྱ་བ་དམ་འཛིན་བྱེད་པ་དང་། འབུའི་གནོད་འཚེ་འགོག་སྲུང་དང་ཐལ་དྲགས་པའི་ནམ་ཟླར་ཁ་གཏད་འཇལ་བའི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་ལ། དབྱར་ཁའི་འབྲུ་རིགས་ལ་ལོ་ལེགས་འབྱུང་བར་བརྩོན་ལེན་བྱེད་དགོས། ཞིང་ལས་ཐོན་སྐྱེད་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཞིང་ཐོན་མཁོ་རྫས་ཀྱི་ཐོན་སྐྱེད་མཁོ་འདོན་ཞིང་ཐོན་མཁོ་རྫས་རིན་གོང་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་དགོས་ལ། ཞིང་ལས་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས། དཔྱིད་འདེབས་གྲ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། འབྲུ་རིགས་འདེབས་སའི་གཞི་ཁྱོན་བརྟན་འཇགས་སུ་གཏོང་བ་དང་། ཤ་དང་སྒོ་ང་། ཚོད་མ་སོགས་ཀྱི་ཐོན་སྐྱེད་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ས་ཞིང་སྲུང་སྐྱོབ་དང་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་འདེབས་འཛུགས་ལས་རིགས་དང་དར་སྤེལ་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ནས། ལོ་ཧྲིལ་བོའི་འབྲུ་རིགས་ཐོན་ཚད་མུ་མཐུད་དུ་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་ལ་སྲུང་འཛིན་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་མ་ཟད། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།