ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་དཔྱིད་རླུང་འགུལ་སྐྱོད་ལ་ཐོག་མའི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་དཔྱིད་རླུང་འགུལ་སྐྱོད་ཟླ1པོའི་ཚེས21ཉིན་སྤེལ་མགོ་བརྩམས་པ་ནས་བཟུང་། ས་གནས་སོ་སོས་བཀོད་སྒྲིག་ཞིབ་ཚགས་དང་མགྱོགས་མྱུར་སྒོས་འགུལ་སྐྱོད་སྤེལ་ཏེ་ཐོག་མའི་གྲུབ་འབྲས་ཐོབ་པ་རེད། ས་གནས་དེ་རུ་ལོ་སར་བའི་ཞོར་ལས་པར་དམིགས་ཏེ། ལས་གནས་སྲུང་བའི་ཁུག་དམར་སྟེར་བ་དང་། སོ་སར་གྱི་ལེགས་སྐྱེས་དང་འཛད་སྤྱོད་ཤོག་བྱང་སྟེར་བ་བརྒྱུད་དེ། ཐུན་མོང་གིས་ལོ་སར་རོལ་བ་རྩ་འཛུགས་བྱས་པ་དང་། ལས་གནས་བརྟན་སྲུང་བྱེད་པར་ཐུགས་ཁུར་གནང་བ་མངོན་འགྱུར་བྱས་ལ། ལོ་སར་གྱི་རྗེས་སུ་ལས་གནས་སྟེང་ཕྱིར་ལོག་པའི་ཞོར་ལས་པར་དམིགས་ཏེ། ངལ་ལས་མཐུན་སྦྱོར་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། གདན་ཞུ་བྱ་འགུལ་ཐེངས་མང་པོར་སྤེལ་བ་རེད།

དེ་མིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱུན་མཐུད་ཐོན་སྐྱེད་དང་ལས་མགོ་བསྐྱར་ཚུགས་ཁེ་ལས་ལ་དམིགས་ཏེ། ལས་རྐང་བརྟན་བསྐྱེད་བྱ་དགའི་ཁ་གསབ་དང་ལས་བཟོ་བ་གསར་སྣོན་ཁ་གསབ། ལས་བཟོ་བ་མཉམ་སྤྱོད་ཁ་གསབ་བཅས་ལ་སྐུལ་སྤེལ་བཏང་ནས། ལས་མི་སྤྱོད་པར་འགན་སྲུང་དང་ཐོན་སྐྱེད་ལ་འགན་སྲུང་བྱེད་པའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། ལས་མི་སྤྱོད་པར་རྒྱབ་སྐྱོར་བྱེད་པ་མངོན་འགྱུར་བྱས། ཟླ2པའི་ཚེས12ཉིན། ས་གནས་སོ་སོས་བསྡོམས་པས་ལས་གནས་བརྟན་སྲུང་ཁུག་དམར་དང་ལས་མི་སྤྱོད་པའི་ཁ་གསབ་སྒོར་དུང་ཕྱུར5ལས་བརྒལ་བ་རྩིས་སྤྲོད་བྱས་ཏེ། རིགས་སོ་སོའི་གདན་ཞུ་བྱ་འགུལ་ཐེངས་ཁྲི1ཙམ་སྤེལ་བ་དང་། ལས་གནས་སྐོར་གྱི་ཆ་འཕྲིན་ཁྲི600འདོན་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།