ཀྲུང་གོ་བོད་ཀྱི་དྲ་བ།

སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600-1003ཚོད་ལྟ་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས10ཉིན། གསར་འགོད་པས་ཀྲུང་གོ་མཁའ་འགྲུལ་ཐུང་ཧྥེ་ཧྭ་ནན་གནམ་གྲུ་བཟོ་ལས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600—1003རྟགས་ཅན་གྱི་གནམ་གྲུ་དེ་ཟླ2པའི་ཚེས8ཉིན། ཨང1པོ་དང2པ། 3པ། 4པ་བཅས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གྱི་གོ་རིམ་ལྟར་ཐོག་མའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དང་། མ་ལག་གི་གནས་ཚུལ་བཟང་བ་དང་དཔྱད་གྲངས་སྟོན་གྲངས་རྒྱུན་གཏན་ཡིན་པ་རེད། 

AG600“ཁུན་ལུང”ནི་རང་རྒྱལ་གྱིས་ཇུས་འགོད་དང་ཞིབ་འཇུག  གསར་བཟོ་བྱས་པའི་མེ་གསོད་དང་མཚོ་ཐོག་མྱུར་སྐྱོབ་ཀྱི་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་ཤིག་ཡིན་ཞིང་། དེར་འཕྲལ་སྡོམ་རོགས་སྐྱོབ་དང་ནགས་ཚལ་མེ་གསོད། རྒྱ་མཚོའི་སྐོར་དཔྱོད་སོགས་དམིགས་བསལ་ལས་འགན་མང་པོ་སྒྲུབ་པའི་ནུས་པ་ལྡན།

ངོ་སྤྲོད་བྱས་པ་ལྟར་ན།  གནམ་གྲུ1003ནི2021ལོའི་ཟླ12པའི་ཚེས26ཉིན་སྒྲིག་སྦྱོར་བྱས་ནས་སྤྱོད་མགོ་ཚུགས་པ་དང་།  སྔ་རྗེས་སུ་མཁའ་ལམ་གློག་དང་སྒུལ་ཤུགས་གློག་སྐོར་ཚོད་འཛིན།  གཤེར་གནོན་མ་ལག་ཚོད་འཛིན་སོགས་མ་ལག་མཉམ་སྒྲིག་ཚོད་ལྟ་ལེགས་སྒྲུབ་བྱས་པ་དང་འབྲེལ། འཕྲུལ་འཁོར་ཚོད་གཏོང་མ་བྱས་གོང་སྒུལ་བྱེད་འཕྲུལ་འཁོར་གྱི་འབར་སྣུམ་མ་ལག་དང་གཤེར་གནོན་མ་ལག མེ་ཟོན་མ་ལག གློག་ཁུངས་མ་ལག མཛུབ་སྟོན་ཐོ་འགོད་མ་ལག་སོགས་འབྲེལ་ཡོད་ནུས་པར་ཞིབ་བཤེར་བྱས་ནས།  སྒུལ་བྱེད་འཕྲུལ་འཁོར་གྱི་ཁ་འབྱེད་པ་དང་མཁོ་བསྟུན་ནང་སྦྱོང་ཚོད་ལྟ་བྱས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། གནམ་གྲུ1003བཏང་རྗེས། ད་ལོར་ད་དུངAG600གནམ་གྲུ་གཉིས་ཀྱི་སྤྱིའི་སྒྲིག་སྦྱོར་ལས་དོན་ལེགས་འགྲུབ་བྱུང་ནས། བསྡོམས་པའི་གནམ་གྲུ3ཚང་མ་ཐོག་མའི་འཕུར་སྐྱོད་ཀྱི་ཚོད་ལྟའི་ལས་འགན་ལེགས་འགྲུབ་འབྱུང་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།