ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཟླ1པོའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32216ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2022ལོའི་ཟླ1པོའི་ཟླ་མཇུག་བར་དུ། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ནི་ཨ་སྒོར་དུང་ཕྱུར32216ལ་སླེབས་པ་དང་། དེ2021ལོའི་ལོ་མཇུག་ལས་ཨ་སྒོར་དུང་ཕྱུར285ཇེ་ཉུང་དུ་སོང་ཞིང་མར་ཆག་ཚད0.88%ལ་སླེབས་ཡོད། 

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིན་གྱི་མཚམས་སྦྱོར་ལྟར་ན། 2022ལོའི་ཟླ1པོར། ཕྱི་དངུལ་ཚོང་རའི་འཁོར་སྐྱོད་བརྟན་འཇགས་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཕྱི་དངུལ་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་མཉམ་ཡིན་པ་རེད། རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་སྟེང་། ཨ་སྒོར་གྱི་སྟོན་གྲངས་ཡར་འཕེལ་བ་དང་། གོ་ལ་ཧྲིལ་བོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་སྤྱིའི་ཆ་ནས་མར་ཆག་པས། “ཕྱི་དངུལ་གསོག་འཇོག་ལ་ཨ་སྒོར་དེ་རིན་རྩིས་ཀྱི་དངུལ་ལོར་དུ་བརྩི་རྗེས། ཨ་སྒོར་མ་ཡིན་པའི་དངུལ་ལོར་དེ་ཨ་སྒོར་ལ་བརྗེ་སྒྱུར་བྱས་རྗེས་གྲངས་འབོར་ཇེ་ཉུང་དུ་སོང་ཞིང་། རྒྱུ་ནོར་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཐུན་མོང་བྱེད་ནུས་འོག་ཟླ་དེའི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་མར་ཆག་ཡོད”། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།