ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པར་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཁོ་མོ་ཁྲི་ལ་འཁོད་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པས་དུས་ཡུན་རིང་བོར་ཀྲུང་དབྱིན་བར་གྱི་མཛའ་བརྩེའི་འབྲེལ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་ལ། ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་ཀྱི་དངོས་བརྒྱུད་མཁན་དང་སྐུལ་འདེད་མཁན་ཡིན། ད་ལོ་ནི་ཀྲུང་དབྱིན་འབྲེལ་བའི་ཕོ་ཉ་ཆེན་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་གོ་སྐབས་འདིར་བརྟེན་ནས། མཛའ་བརྩེ་ཡིད་རྟོན་གཏིང་ཟབ་དུ་གཏོང་བ་དང་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། ཐུན་མོང་ངང་རྒྱལ་སྤྱིའི་མཐུན་སྒྲིལ་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ལག་གདང་སྦྲེལ་ནས་མཉམ་དུ་གོ་ལ་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ། འཛམ་གླིང་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།