ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་ཏེ“པིང་ཏུན་ཏུན”ནི་དོམ་ཁྲ་མ་དཔེ་བྱས་ནས་ཇུས་འགོད་གསར་རྩོམ་བྱས་པ་དང་། དོམ་ཁྲའི་སྣང་བརྙན་དང་ནུས་ཚད་ལས་བརྒལ་བའི་འཁྱགས་བཟོའི་ཕྱི་ཤུན་ཟུང་འབྲེལ་བྱས་ཏེ། དགུན་དུས་གངས་འཁྱགས་ལུས་རྩལ་དང་དེང་རབས་ཚན་རྩལ་གྱི་ཁྱད་ཆོས་ཕྱིར་མངོན་ཡོད། 


WechatIMG1835.jpeg

པིང་ཏུན་ཏུན་དང་ཞུའེ་རོང་རོང་།

པེ་ཅིང་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་ཏེ“ཞུའེ་རོང་རོང”ནི་ལྒང་ཞུ་མ་དཔེ་བྱས་ནས་ཇུས་འགོད་གསར་རྩོམ་བྱས་པ་དང་། ལྒང་ཞུ་ཡི་གྲུབ་འབྲས་དང་བཀྲ་ཤིས། དྲོ་སྐྱིད་དང་འོད་སྣང་བཅས་མཚོན་གྱིན་ཡོད། པིང་ཏུན་ཏུན་གྱི་སྣང་བརྙན་ནི་འཇིག་རྟེན་འཕུར་སྐྱོད་པ་དང་འདྲ་ཞིང་། དེའི་མཚོན་དོན་ནི་ཐུན་མོང་མ་ཡིན་པའི་གསར་གཏོད་དང་འབྱུང་འགྱུར་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་པ་དང་། ཕུལ་བྱུང་བརྩོན་ལེན་དང་དུས་རབས་ཀྱི་སྣེ་ཁྲིད། དེ་མིན་མ་འོངས་པར་ཁ་ཕྱོགས་པའི་རེ་བ་ཚད་མེད་མཚོན་ཡོད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།