ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཱ་ཐཱ་ལེ་ལཱ་དབྱི་ཐ་ལིའི་ཙུང་ཐུང་གི་འགན་མུ་མཐུད་དུ་བཞེས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཅའོ་མཱ་ཐཱ་ལེ་ལཱ་ལ་གློག་འཕྲིན་བཏང་ནས། ཁོ་རང་མུ་མཐུད་དུ་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་དང་དམངས་འདོད་ཀྱི་རྨང་གཞི་ཡག་པོ།  ཁེ་ཕན་གྱི་འབྲེལ་ཐག་བརྟན་པོ་བཅས་ལྡན་པ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཚུན་བརྩི་འཇོག་དང་།  མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག   མཉམ་ལས་གཉིས་ཕན་བཅས་ཀྱི་མིག་དཔེ་བསྐྲུན་ཡོད།   རྒྱལ་ཁབ་གཉིས་པོས་ཧུར་ཐག་གིས་རིམས་ནད་འགོག་རྒོལ་ཐད་མཉམ་ལས་བྱས་ནས་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་ཐུན་མོང་གིས་རྟེན་འབྲེལ་ཞུས་པ་དང་། 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང2026ལོའི་སྨི་ལན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་མ་ཟད།   ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་དང་ཡུལ་སྐོར་ལོའང་ཡང་བསྐྱར་མགོ་རྩོམ་རྒྱུ་ཡིན་པ་དང་།  རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་མང་པོ་འཕྲད་ཡོད།  ངས་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཙུང་ཐུང་མཱ་ཐཱ་ལེ་ལཱ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་སྟེ།  ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་ཐུན་མོང་གིས་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།