ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་མངོན་གསལ་ཐོབ་ནས། འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་ནི་བློ་གཏད་ཆོག་པའི་གྲོགས་པོ་དང་སྤུན་ཟླར་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྤྱི་སྙིང་དང་སྐྱེ་སྟོབས། གསོན་ཤུགས་སྔར་ལས་ལྡན་པའི་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོར་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ་དང་མདུན་ལྗོངས་རྒྱ་ཆེ། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་བར་གྱི་མ་འོངས་པ་དང་ཡུན་རིང་བོར་དམིགས་པ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་མཉམ་ལས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་སྦས་ཤུགས་ཕྱོགས་ཡོངས་ནས་སྔོག་འདོན་བྱེད་པ། ཐོན་ལས་མུ་ཁྱུད་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རང་བྱུང་སོལ་རླངས་ཀྱི་མཉམ་ལས་ཆུ་ཚད་གསར་པར་གོང་དུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཐུར་ཁེའི་དར་གོས་ཚོང་ལམ་བསྐྱར་དར་གྱི་འཐབ་ཇུས་སྦྲེལ་མཐུད་ལ་མྱུར་དུ་སྐུལ་འདེད་བཏང་ནས། ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་བར་གྱི་འགོག་ཁབ་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། རིམས་འགོག་ཐད་འབད་བརྩོན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་དུ་རིག་གནས་ལྟེ་གནས་འཛུགས་རྒྱུ་མྱུར་དུ་དོན་འཁྱོལ་བྱེད་དགོས། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་ལ་རོགས་རམ་བྱས་ཏེ་སྔར་ལས་བྱང་ཚད་དང་ནུས་པ་ཅན་གྱི་འཇོན་མི་སྐྱེད་སྲིང་བྱེད་པར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་ཞི་བདེ་ལ་མཉམ་དུ་ཡར་སྐུལ་བྱེད་དགོས།

པེར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་བཤད་རྒྱུར། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཆེས་ལྷག་བསམ་རྣམ་དག་དང་ཆེས་བློ་གཏད་ཆོག་པའི་གྲོགས་པོ་དང་སྤུན་ཟླ་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཉེ་བའི་ལོ་འགའི་རིང་ལ་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་མཉམ་ལས་དེ་གཉིས་ཕན་དང་འདྲ་མཉམ། ཡིད་ཆེས་བཅས་ཀྱི་རྨང་གཞིའི་སྟེང་གོང་འཕེལ་ཆེན་པོ་བྱུང་བ་དང་། ལྷག་པར་དུ་སྣུམ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཐུའུ་ཁུའུ་མན་སི་ཐན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་ཆུ་ཚད་གསར་པར་གོང་དུ་སྤེལ་འདོད་ཡོད།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།