ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅིས་དགུན་ཨོ་ལ་བཅངས་པའི་བརྩེ་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འོད་ཟེར་གྱིས་གངས་འཁྱགས་ཀྱི་ཕུགས་འདུན་གསལ་བར་བྱེད་ཅེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བཅངས་པའི་བརྩེ་བ།  

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་གོ་ལ་ཧྲིལ་པོའི་དོན་ཆེན་ཞིག་རེད། གཉེར་འཐུས་རེ་ཞུ་ནས་གྲ་སྒྲིག་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཐུགས་ཁུར་གཟབ་བཞེས་གནང་བ་དང་། ཁོང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་ཡོད། ལོ་ཁ་ཤས་གྲ་སྒྲིག་བྱས་པ་བརྒྱུད། ལྟད་མོ་ཆེ་བ་དང་། སྤྱིར་བཏང་མིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་རྒྱུ་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་གོ་སྐབས་སུ་བྱས་ནས། ཀྲུང་གོ་བ་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ལ་དགའ་བ་དང་མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ཡོད། གཤམ་ལ་དམིགས་བསལ་ཇུས་འགོད་ལེ་ཚན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འོད་ཟེར་གྱིས་གངས་འཁྱགས་ཀྱི་ཕུགས་འདུན་གསལ་བར་བྱེད་ཅེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བཅངས་པའི་བརྩེ་བ་ཞེས་པ་ཞུ་རྒྱུ་ཡིན།

    སྤྱི་ལོ་2015ལོའི་ཟླ་7པའི་ཚེས་31ཉིན་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ཡིས་པེ་ཅིང་ལ་སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པའི་ཁྱབ་བསྒྲགས་གནང་སྐབས། ཀྲུང་གོའི་ས་གཞི་ཆེན་་མོར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱ་ཡུལ་དུ་གྱུར་ཡོད། 

    དེ་ཉིན་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཤིས་ཚིག་བསྒྲོན་གནང་བ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་སྒུག་བྱེད་སེམས་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་སེམས་མཚོན་པར་གནང་ཡོད། ཞི་ཅིན་ཕིང་གིས། སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཀྲུང་གོར་གཉེར་བ་དེས་ཀྲུང་ཧྭའི་ཤེས་དཔལ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱིས་གངས་འཁྱགས་ལུས་རྩལ་ལ་དོ་ཁུར་དང་། དགའ་ཞེན། དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་ཞིང་། ཀྲུང་གོའི་མི་དམངས་ལ་སླར་ཡང་ཨོ་ལིན་ཕིག་ལུས་རྩལ་གོང་འཕེལ་དང་ཨོ་ལིན་ཕིག་གི་སྙིང་སྟོབས་བརྒྱུད་སྤེལ་ཐད་ལེགས་སྐྱེས་འབུལ་རྒྱུའི་གོ་སྐབས་ཐོབ་རྒྱུ་རེད་ཅེས་གསུངས་གནང་ཡོད། 

    དེ་ནས་བཟུང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་སྤེལ་འགོ་ཚུགས་ཡོད་པ་དང་། ལྟད་མོ་ཆེ་བ་དང་། སྤྱིར་བཏང་མིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམ་རྒྱུ་དེ་ཀྲུང་གོའི་བརྗིད་ཆེའི་ཁས་ལེན་ཞིག་ཏུ་གྱུར་ཡོད། 

    སྤྱི་ལོ་2015ལོའི་ཟླ་8པའི་ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྦགས་མེད་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་། མཉམ་སྤྱོད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྒོ་དབྱེའི་ཨོ་རྩལ་འགྲན་ཚོགས་གཉེར་བ། སྤྱོད་གཙང་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་བཅས་རྒྱུན་འཁྱོངས་བྱ་རྒྱུའི་མཛུབ་སྟོན་གལ་ཆེན་གནང་བ་རེད། ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་འདུ་ཤེས་བཞིའི་མཛུབ་ཁྲིད་འོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

    སྤྱི་ལོ་2017ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཀྲང་ཅ་ཁོའུ་རུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་སྐབས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས། དང་ཐོག་ཚན་རིག་དང་མཐུན་ཞིང་སྔོན་ཐོན་གྱི་འདུ་ཤེས་ལ་གཞིགས་ནས་འཆར་འགོད་ཡག་པོ་བཟོ་དགོས། འཆར་འགོད་དེ་ནི་འཆར་འགོད་ཆེན་པོ་ཞིག་དང་གཅིག་གྱུར་འཆར་འགོད་ཅིག་ཡིན་པ་དང་། དེ་རྗེས་གཞི་ནས་ཆེད་དོན་འཆར་འགོད་དང་ཁུལ་བགོས་འཆར་འགོད་ཅིག་ཡིན་དགོས། ངེས་པར་དུ་ཆེད་ལས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་ཤིང་། ངེས་པར་དུ་ཆེད་ལས་ཀྱི་ཚད་གཞི་གཞིར་འཛིན་དགོས་ཞེས་ནན་སྟོན་གནང་ཡོད། 

    གཅིག་སྡུད་སྦྱོང་བརྡར་བྱེད་བཞིན་པའི་རྒྱལ་ཁབ་གངས་ཤུད་རུ་ཁག་གི་ལུས་རྩལ་པར་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོའི་ངོས་ནས་བཤད་ན་གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་ཚད་དང་ང་ཚོའི་རྩལ་འགྲན་ཆུ་ཚད་ད་དུང་འདང་གི་མེད་པས། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་བརྒྱུད་ཚད་གཞི་དེ་གཉིས་མཐོ་རུ་ཤུགས་ཆེན་གཏོང་དགོས། མི་ཚེ་གཅིག་གི་རིང་འབད་འཐབ་བྱེད་པའི་གོ་སྐབས་ཐེངས་ག་ཚོད་ཡོད་དམ། དེས་ན་ཤར་རླུང་དེ་དང་བསྟུན་ནས་ང་ཚོའི་གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།  

    ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་པེ་ཅིང་དང་ཧོ་པེ་རུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་ཐེངས་ལྔ་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་སྣེ་ཁྲིད་འོག གསར་དུ་བསྐྲུན་པའི་འགྲན་ར་ནས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ ལས་གཉེར་བྱེད་འགོ་ཚུགས་པའི་བར་དང་། ལུས་རྩལ་པས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པ་ནས་དཔལ་འབར་བརྒྱུད་སྤྲོད་བདེ་བླག་བྱུང་བའི་བར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་པའི་སྔོན་གཏན་འཁེལ་བའི་དམིགས་ཚད་ཁག་དུས་བཀག་ལྟར་ལེགས་སྒྲུབ་ཟིན་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད། 

    ཞི་ཅིན་ཕིང་གིས། མི་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ནང་ཞུགས་སུ་འཇུག་དགོས། དེ་ཡང་ཨོ་ལིན་ཕིག་ལུས་རྩལ་གྱི་སྙིང་དོན་གཙོ་བོ་དེ་ཡིན། ང་ཚོས་བསམ་པ་རྣམ་དག་གིས་འཛམ་གླིང་ལ་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འབུལ་རྒྱུ་ཡིན། འཛམ་གླིང་གིས་ཀྲུང་གོར་རེ་སྒུག་བྱེད་ཀྱི་ཡོད་ལ་ཀྲུང་གོས་ཀྱང་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་བསྟན་གནང་ཡོད།

    དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱས་པ་བརྒྱུད་མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་ཅེས་པའི་ཕུགས་འདུན་དེ་ཡང་མངོན་དུ་འགྱུར་ཡོད། གྲངས་གཞི་ལས་མངོན་པར། སྤྱི་ལོ་2015ལོར་པེ་ཅིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་བ་ནས་བཟུང་། རྒྱལ་ཡོངས་སུ་གངས་འཁྱགས་ལུས་རྩལ་ནང་ཞུགས་མྱོང་བའི་གྲོང་མི་མི་གྲངས་དུང་ཕྱུར་3.46ཟིན་ཞིང་། གངས་འཁྱགས་ལུས་རྩལ་ནང་ཞུགས་ཚད་བརྒྱ་ཆ་24.56ཟིན་ཡོད་པ་རེད། ད་ཆ། ཀྲུང་གོ་བའི་གངས་འཁྱགས་ཀྱི་ཕུགས་འདུན་དེ་རྩལ་འགྲན་ར་བ་མ་ཟད་ཀྲུང་གོའི་ས་གཞི་ཆེན་མོར་དེ་བས་དབྱར་མཚོ་རྒྱས་པ་ལྟར་ཇེ་ཆེར་འགྲོ་བཞིན་ཡོད། 

    པ་ཧོ་ཡིས་གསུངས་པ་ལྟར། འཛམ་གླིང་གི་གངས་འཁྱགས་ལུས་རྩལ་གྱི་ལོ་རྒྱུས་དེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་དབྱེ་མཚམས་འབྱེད་རྒྱུ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འཛམ་གླིང་གི་གངས་འཁྱགས་ལུས་རྩལ་གོང་འཕེལ་གྱི་ལམ་ཚད་རྡོ་རིང་ལྟ་བུར་འགྱུར་རྒྱུ་རེད། 

    ཞི་ཅིན་ཕིང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེར་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་གྲ་སྒྲིག་ཡག་པོ་བྱས་ཟིན་ཏེ། འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་ཤིག་འབུལ་རྒྱུ་དང་། ཀྲུང་ཕྱིའི་གངས་འཁྱགས་ལུས་རྩལ་པས་སྟག་མོར་གཤོག་པ་ཐོགས་པ་བཞིན་གྲུབ་འབྲས་བཟང་པོ་གཏོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།