ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན》ཞེས་པའི་དཔེ་དེབ་དེ་ཉེ་དུས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་བཀྲམ་ཡོད་པ་རེད། 

དཔེ་དེབ་དེའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱས་ཐོག ས་བཅད་དབྱེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ཐད་ཀྱི་རྣམ་བཤད་གལ་ཆེན་གྱི་གྲུབ་ལུགས་གྲུབ་སྟངས་དང་། ལྟེ་བའི་ནང་དོན། དུས་རབས་ཀྱི་སྙིང་དོན། དོན་སྙིང་གལ་ཆེན་བཅས་རྒྱས་བཤད་གནང་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལུས་རྩལ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། ལུས་རྩལ་སྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ། རྩལ་རྩེད་ལུས་རྩལ་གྱིས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་ཡག་པོ་བྱ་རྒྱུ། གངས་འཁྱགས་ལུས་རྩལ་ཁྱོན་ཡོངས་ནས་གོང་འཕེལ་གཏོང་རྒྱུ། ངར་སློང་སྨན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱ་རྒྱུ་སོགས་ཐད་ནས། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་དེང་རབས་ཀྲུང་གོའི་ལུས་རྩལ་གོང་འཕེལ་གྱི་གཞི་རྩའི་ཆོས་ཉིད་གསལ་སྟོན་གནང་ཡོད་པས། འཐབ་ཇུས་རང་བཞིན་དང་། བསམ་བློའི་རང་བཞིན། རྩ་འཛིན་རང་བཞིན་བཅས་ཤུགས་ཆེན་པོ་ལྡན་ཡོད་ཅིང་།     དེ་ནི་དུས་རབས་གསར་པར་ལུས་རྩལ་སྒྱུར་བཅོས་གོང་འཕེལ་གཏོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།