ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ལ་ཨོ་རྩལ་རྒྱས་འཛོམས་ཤིག་སྤྱན་འབུལ་ཞུ་རྒྱུ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ། 《འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་རྒྱས་འཛོམས་ཤིག་སྤྱན་འབུལ་ཞུ་རྒྱུ་ཡིན》ཞེས་པ་འགོད་སྤེལ་བྱས་ཡོད།

༥.jpeg

    མྱུར་དཔྱད་ནང་། གང་བཤད་དེ་སྒྲུབ་དང་གང་བྱས་མཐའ་འཁྱོངས་བྱེད་པ་སྟེ། སྦགས་མེད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་། མཉམ་སྤྱོད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྒོ་འབྱེད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྤྱོད་གཙང་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་བཅས་ཀྱི་འདུ་ཤེས་ཀྱི་ཁྲིད་སྟོན་འོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཉིད་ཕྱི་མཁྲེགས་ཆས་ཀྱི་འཛུགས་སྐྲུན་ནས་ནང་གཉེན་ཆས་ཀྱི་འཛུགས་སྐྱོང་བར་དང་། རྩལ་ནུས་འགྲན་བསྡུར་ནས་སྤྱི་དམངས་ལ་ཁྱབ་གདལ་གཏོང་བའི་བར། འགྲན་ཚོགས་གྲབས་གཉེར་ནས་ས་གནས་ཁག་ཏུ་གོང་འཕེལ་གཏོང་བའི་བར། ད་ལྟའི་གནས་ཚུལ་ལ་བསམ་བློ་གཏོང་བ་མ་ཟད། མ་འོངས་པར་ཡང་བསམ་གཞིགས་བྱེད་ཀྱི་ཡོད། དུས་རབས་གསར་པར་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་བའི་བླང་བྱར་གཞིགས་ནས། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ༼མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྣེ་ཁྲིད་བྱེད་པའི༽ཕུགས་འདུན་མངོན་འགྱུར་བྱུང་བས། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་དང་བདེ་ཐང་ཀྲུང་གོའི་རྨང་གཞི་སྲ་བརྟན་དུ་བཏང་ཡོད་པ་དང་། འཛམ་གླིང་གངས་འཁྱགས་ལུས་རྩལ་རྣམ་གྲངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་དང་འཛམ་གླིང་གི་དགུན་དུས་ལུས་རྩལ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། སྤྱི་ཟླ་2པའི་ཚེས་4ཉིན་གྱི་དགོང་མོ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་འགོ་འཛུགས་རྒྱུ་རེད། དེ་ཉིད་ཨོ་ལིན་ཕིག་གི་ལོ་རྒྱུས་ཐོག་གི་གཏམ་རྒྱུད་ངོ་མཚར་ཅན་ཞིག་ཏུ་འགྱུར་རྒྱུ་ངེས་གཏན་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་ཏུ་ཡང་འགྱུར་རྒྱུ་རེད། དགུན་ཨོ་ཡི་རྒྱུགས་ལན་དེ་བརྒྱུད་དེ་འཛམ་གླིང་ནས་དེ་བས་བློ་ཡངས་བག་ཕེབས་དང་། བློ་སྤོབས་ལྡན་པ། བློ་སྟོབས་ཆེར་སྐྱེད་བཅས་ཀྱི་ཀྲུང་གོ་ཞིག་འཛམ་གླིང་གི་གར་སྟེགས་ཀྱི་དཀྱིལ་དུ་སྐྱོད་བཞིན་པ་མཐོང་ཐུབ་རྒྱུ་རེད། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ། ང་ཚོས་རྒྱས་འཛོམས་དེ་ཉིད་ཀྲུང་གོ་དང་འཛམ་གླིང་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་ པའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕྱོགས་འགལ་སེལ་རྒྱུར་སྐུལ་འདེད་དང་། དེ་བས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྡུད། མིའི་རིགས་ཡོངས་ལ་མཐུན་སྒྲིལ་དང་། གོང་འ ཕེལ། རེ་བ་བཅས་སྦྱིན་ཐུབ་པའི་རེ་སྒུག་ཀྱང་བྱེད་བཞིན་ཡོད་ཅེས་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།