ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉེར་བཞི་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཚེས་བཞི་ཉིན་གྱི་དགོང་མོར་པེ་ཅིང་དུ་བསྡུ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ཉེར་བཞི་པའི་དགུན་ཁའི་ཨོ་ལིན་ཕུག་ཁི་ལུས་རྩལ་འགྲན་ཚོགས་གྱི་མགོ་རྩོམ་མཛད་སྒོ་ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་བསྡུ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད། སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཡིས་ཡུལ་དངོས་ཀྱི་གནས་ཚུལ་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། ཞིན་ཧྭ་གསར་འགྱུར་དྲ་བས་པར་རིས་དང་ཡི་གེའི་ལམ་ནས་ཐད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།