ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ1པའི་ཚེས24ཉིན་གྲོས་ཚོགས་བསྡུས་ཏེ། 《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་གསན་པ་དང་ཞིབ་འཇུག་གནང་བའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ》དང《ཡིག་སྐུར་ངོ་གཏུག་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི2021ལོའི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། དེའི2022ལོའི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་། གྲོས་ཚོགས་ཀྱིས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ། ཏང་ཙུའུ5པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་རིམ་བྱུང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ་འགན་འཁྲི་ལག་བསྟར་བྱས་ལ། ཏང་ཙུའུ་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ལྔ་བཅུ་བཞི”ཡི་མགོ་ལེགས་པོ་རྩོམ་ཆེད་གསོལ་འབུལ་བྱས་པ་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པས། བྱ་བའི་ཕྱོགས་གང་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལྟར་རང་འགན་གཙང་སྒྲུབ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ཡོང་བར་སྐུལ་འདེད། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཚོགས་པའི་བྱ་བ་དང་ཚོགས་པ་བཅོས་བསྒྱུར་ལ་མཛུབ་སྟོན་བྱེད་པ་སོགས་ཀྱི་ཐད་བྱ་བ་འབོར་ཆེན་བསྒྲུབས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། 2022ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་དཔུང་སྐྱོད་བྱེད་པའི་ལོ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་མོ་སེམས་སུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་གྲ་སྒྲིག་བྱེད་པ་དང་དམ་དུ་སྦྲེལ་ཏེ་གཅིག་བསྡུས་ཀྱིས་ཤུགས་འདོན་དགོས་ལ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ལོ་རྒྱུས་རང་རྟོན་བརྟན་པར་བྱེད་པ། ལོ་རྒྱུས་རང་འགུལ་སྲུང་འཛིན་བྱས་ནས། ངར་སེམས་ཆེར་སྐྱེད་དང་ལག་ལེན་ནན་བསྟར་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་སྣ་ཚོགས་བསྒྲུབ་དགོས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་ནམ་ཡང་ལམ་དུ་ཡོད་པ་རྒྱུན་འཁྱོངས་བྱེད་པ་དང་། ནན་འཛིན་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས“སྤྱོད་ཚུལ་བཞི”ལ་ཡོ་བསྲང་བྱེད་པ། གུ་ཡངས་སྤུ་ཙམ་མེད་པར་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་མགོ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་བླང་བྱར་དམིགས་ནས། རང་སྟེང་གི་འགན་འཁྲིའི་གནས་མཚམས་ལ་རྐང་འཛུགས་པ་དང་། གཙོ་གནད་འབུར་དུ་ཐོན་པ་དང་དོན་འཁྱོལ་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སོ་སོ་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཡིག་སྐུར་ངོ་གཏུག་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་རྟོགས་པའི་སྒེའུ་ཁུང་ལྟ་བུའང་ཡིན། 《ཡིག་སྐུར་ངོ་གཏུག་བྱ་བའི་སྲོལ་ཡིག》གཏན་འབེབས་བྱས་པ་བརྒྱུད་དེ། རང་རེའི་ཏང་གིས་དུས་ཡུན་རིང་པོར་ཡིག་སྐུར་ངོ་གཏུག་གི་བྱ་བ་སྤེལ་བར་མགོ་ཁྲིད་བྱེད་པའི་ཉམས་མྱོང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཡིག་སྐུར་ངོ་གཏུག་བྱ་བའི་ལམ་ལུགས་བཅོས་བསྒྱུར་གྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། ཏང་གིས་ཡིག་སྐུར་ངོ་གཏུག་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཡིག་སྐུར་ངོ་གཏུག་གི་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྒྲིག་བྱས་པས། དུས་རབས་གསར་པའི་ཡིག་སྐུར་ངོ་གཏུག་གི་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་དང་ཤུགས་རྒྱག་པར་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཡིག་སྐུར་ངོ་གཏུག་བྱ་བའི་རྩ་དོན་དང་བླང་བྱ་དམ་འཛིན་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ། ཡིག་སྐུར་ངོ་གཏུག་བྱ་བའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡིག་སྐུར་ངོ་གཏུག་བྱ་བའི་ལམ་ལུགས་བཅོས་བསྒྱུར་གྱི་གྲུབ་འབྲས་ལེགས་པོར་སྤྱོད་དགོས། ཏང་གིས་ཡིག་སྐུར་ངོ་གཏུག་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་སྲིད་གཞུང་གིས་རྩ་འཛུགས་དངོས་འབེབས། མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར། ཡིག་སྐུར་ངོ་གཏུག་སྡེ་ཁག་གིས་སྐུལ་འདེད། ཕྱོགས་སོ་སོས་མཉམ་འཛིན་སྤྱི་སྤྱོད་བྱེད་པའི་བྱ་བའི་ཆགས་སྟངས་འཐུས་ཚང་དུ་གཏོང་དགོས། སྲོལ་ཡིག་གི་སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་འཆད་འགྲེལ་དང་དངོས་འབེབས་བྱས་པའི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལེགས་པོར་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་། དོན་དག་ལ་འཕྲད་སྐབས་ཁྲིམས་བཙལ་བ། གནད་དོན་ཐག་གཅོད་པར་ཁྲིམས་བཀོལ་བ། འགལ་བ་བསལ་ན་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཡིག་སྐུར་ངོ་གཏུག་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ཡིག་སྐུར་ངོ་གཏུག་བྱ་བའི་སྡེ་ཁག་གིས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་བླ་ན་མཐོ་བ་རྒྱུན་འཁྱོངས་དང་གནད་དོན་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ་བཅས་བྱས་ནས། བྱ་བ་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།

གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།