ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས《ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན་ནས་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ》དང་། 《ཡིག་སྐུར་ངོ་བཅར་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་མགོ་འཛིན་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས《ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན་ནས་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ》དང་། 《ཡིག་སྐུར་ངོ་བཅར་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་མགོ་འཛིན་མཛད། 

ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བཅས་ཀྱི2021ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། དེ་དག་གི2022ལོའི་བྱ་བའི་བཀོད་སྒྲིག་ལ་མོས་མཐུན་བྱུང་། ཚོགས་འདུས་བསམ་པར། འདས་ཟིན་པའི་ལོ་གཅིག་ནང་། ཏང་ཙུའུ5ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྔོན་མ་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་འགན་འཁྲི་སྒྲུབ་པ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་འཛུགས་ཆེད་ལེགས་སྐྱེས་ཕུལ་བ་དང་། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་ཀྱི་ཕྱོགས་སོ་སོའི་བྱ་བར་ཕན་ནུས་གསར་བ་ཐོབ་ཡོད།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་འོག ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་འགན་འཁྲི་གཙང་སྒྲུབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། མང་ཚོགས་ཚོགས་པའི་བྱ་བ་དང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ལ་མཛུབ་ཁྲིད་བྱེད་པ་སོགས་ལས་དོན་འབོར་ཆེན་བསྒྲུབས་ཡོད།   

ཚོགས་འདུས་ནན་གྱིས་བསྟན་དོན། 2022ལོ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་ལོ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ།  “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་འབྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་སེམས་ལ་བཅངས་ཏེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲ་སྒྲིག་དང་སྐོང་འཚོགས་བྱ་རྒྱུར་དམིགས་ནས་སྟོབས་ཤུགས་འདོན་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། ལོ་རྒྱུས་ལ་བློ་གདེང་བརྟན་པོར་འཆང་བ་དང་། ལོ་རྒྱུས་ཀྱི་རང་རྟེན་རྒྱུན་འཁྱོངས། དོན་ཤུགས་ཆེར་བསྐྱེད། ལག་ལེན་ནན་ཏན་གྱིས་སྒྱིད་ལུག་མི་བྱེད་པར་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་ནམ་རྒྱུན་སྐྱོང་དགོས་པ་མཐའ་འཁྱོངས་དང་། གཟབ་ནན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པདང་། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། རུལ་སུངས་ཐག་གཅོད་ལ་ཞུམ་པ་སྤུ་ཙམ་ཡང་མེད་པ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྣེ་ཁྲིད་དེ་སྲུང་སྐྱོང་བྱེད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱར་གཞིགས་ནས། རང་ངོས་ཀྱི་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས། དོན་འཁྱོལ་ནན་འཛིན་དང་རྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས། 

ཚོགས་འདུས་བསྟན་དོན། ཡིག་སྐུར་ངོ་བཅར་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། ཡིག་སྐུར་ངོ་བཅར་བྱ་བའི་སྲོལ་ཡིག》བཟོས་པ་བརྒྱུད། རང་རེའི་ཏང་གིས་དུས་ཡུན་རིང་པོའི་ནང་ཡིག་སྐུར་ངོ་བཅར་བྱ་བའི་ཉམས་མྱོང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཡིག་སྐུར་ངོ་བཅར་བྱ་བའི་ལམ་ལུགས་བཅོས་སྒྱུར་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ཏེ། ཡིག་སྐུར་ངོ་བཅར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡིག་སྐུར་ངོ་བཅར་བྱ་བའི་སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་བྱེད་པ། དུས་རབས་གསར་པའི་ཡིག་སྐུར་ངོ་བཅར་བྱ་བ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།  

ཚོགས་འདུས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཡིག་སྐུར་ངོ་བཅར་བྱ་བའི་རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། ཡིག་སྐུར་ངོ་བཅར་བྱ་བའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ། ཡིག་སྐུར་ངོ་བཅར་བྱ་བའི་ལམ་ལུགས་བཅོས་སྒྱུར་ཀྱི་གྲུབ་འབྲས་ཡག་པོ་སྤྱོད་པ་བཅས་བྱེད་དགོས། ཏང་གིས་ཡིག་སྐུར་ངོ་བཅར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་ཨུ་ཡིས་གཅིག་གྱུར་མགོ་ཁྲིད་དང་། སྲིད་གཞུང་གིས་རྩ་འཛུགས་དོན་འཁྱོལ། མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར། ཡིག་སྐུར་ངོ་བཅར་སྡེ་ཁག་གིས་སྐུལ་སྤེལ། ཕྱོགས་སོ་སོས་མཉམ་དུ་དམ་འཛིན་དང་དོ་དམ་བཅས་བྱེད་པའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། སྲོལ་ཡིག་སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་འགྲེལ་བཤད། དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བཅས་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་ལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་བར་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཡིག་སྐུར་ངོ་བཅར་བྱ་བའི་མཉམ་འབྲེལ་ཚོགས་འདུ་དང་ཡིག་སྐུར་ངོ་བཅར་བྱ་བའི་སྡེ་ཚན་གྱིས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས། མི་དམངས་གོང་བཀུར་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ནས། ལས་ཀའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།