ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་ལོ་རྒྱུས་གནད་བསྡུས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོག་པར་དགའ་བསུ་ཞུ་ཆེད། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་ལྟར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་ལོ་རྒྱུས་གནད་བསྡུས》ཞེས་པའི་དཔེ་དེབ་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཤིང་། ཉིན་དེ་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད། 

དེབ་འདི་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླ་མེད་ཐུགས་ཁུར་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། ཀྲུང་དབྱང་གི་མགོ་ཁྲིད་ཀྱིས་ཐེངས་མང་པོར་འཆར་ཟིན་འགོད་པ་དང་བཟོ་བཅོས་རྒྱག་པར་བླང་བྱ་གསལ་བོ་བཏོན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་། ཀྲུང་དབྱང་ཡིག་ཚགས་ཁང(རྒྱལ་ཁབ་ཡིག་ཚགས་ཅུའུ)སོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བ་རེད།

དེབ་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངོས་གཙོ་སྨྲ་བའི་ལོ་རྒྱུས་ཀྱི་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དྲང་སྲུང་གསར་གཏོད་བྱེད་པ་རྒྱུན་འཁྱོངས། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་བརྩི་སྲུང་ནན་མོ་བྱེད་པ། དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་མཚོན་བཅས་ཀྱི་འགན་འཁྲི་ལས་འགན་བརྩི་སྲུང་བྱེད་པ། ལོ་བརྒྱ་ཕྲག་གཉིས་ཀྱི་ཏང་གི་དྲིལ་སྒྲོག་བྱ་བས་ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱུང་བའི་རླབས་ཆེན་གྱི་བརྒྱུད་རིམ་དང་གྲུབ་འབྲས་ཆེ་གྲས་ལ་ལྷག་བསམ་རྣམ་དག་སྒོས་ཟིན་ཐོ་བཀོད་པ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་པས་དྲིལ་སྒྲོག་བྱ་བའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རིང་བཞིན་གྱི་འཕོ་འགྱུར་རྣམས་གང་ལེགས་སྒོས་མཚོན་པ། ཏང་གི་དྲིལ་སྒྲོག་ལོ་རྒྱུས་སྟེང་གི་བསམ་བློ་གལ་ཆེན་དང་བྱེད་ཕྱོགས་གལ་ཆེན། དོན་རྐྱེན་གལ་ཆེན། བྱ་འགུལ་གལ་ཆེན་བཅས་ལ་བདེན་པ་བདེན་དྲང་གི་ཟིན་ཐོ་བཀོད་པ། ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་རྒྱུན་བཟང་བོ་དང་རྩ་ཆེ་བའི་ཉམས་མྱོང་རྣམས་མ་ལག་ལྡན་པའི་སྒོ་ནས་སྤྱི་སྡོམ་བྱས་པ། གཅིག་བསྡུས་སྒོས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་ཏང་གི་ཁྱད་འཕགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་དགེ་མཚན་མངོན་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ཀློག་དེབ་གལ་ཆེན་ཞིག་ཏུ་གྱུར་བར་སྐུལ་འདེད་བཏང་བ་མ་ཟད། ཏང་གི་དྲིལ་སྒྲོག་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་གཞི་རྩའི་སློབ་དེབ་ཞིག་ཀྱང་ཡིན་པ་རེད། 

དཔེ་དེབ་འདི་ཉིད་སྟོད་སྨད་གཉིས་སུ་དབྱེ་ཡོད་ལ། བསྡོམས་པས་ལེའུ11དང་ས་བཅད83། ཡིག་འབྲུ་ཕལ་ཆེར་ཁྲི49ཡོད་ལ། ལོ་རྒྱུས་ཀྱི་ཁུངས་བཙུན་ཞིང་གསོན་ཉམས་ལྡན་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས། ལྷག་པར་དུ་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བྱ་ཆེད། གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། གཏིང་ཟབ་སྒོས“གཏན་འབེབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་བྱས་པ་དང་། སྔར་ལས་ལྷག་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་ཞིང“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབས་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་ལོ་རྒྱུས་ལ་ཕྱོགས་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བཅས་བྱེད་པར་སྐུལ་འདེད་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཤེས་རིག་དང་ནུས་པ་བསྡུ་ལེན་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཕྱིར་བསྒྲུབས་ནུས་པ་དང་མར་ཁེ་སི་རིང་ལུགས་ཀྱིས་ཅི་ཕྱིར་བསྒྲུབས་ཐུབ་པ། ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅི་ཕྱིར་བཟང་བ་བཅས་ལ་གོ་བ་གཏིང་ཟབ་དུ་བླངས་པ། གཏིང་ཟབ་སྒོས་ཏང་གི་དྲིལ་སྒྲོག་བྱ་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་རྒྱུས་ལོན་དང་ལོ་རྒྱུས་ཀྱི་རང་འགུལ་ནུས་པ་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ལོ་རྒྱུས་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་འགྱུར་བ་མེད་པའི་བསམ་བློ་ཁག་ཐེག་དང་སྟོབས་ལྡན་གྱི་དགོངས་དོན་ནུས་ཤུགས་འདོན་སྤྲོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།