ཞི་ཅིན་ཕིང་གིས་ཏང་འཛུགས་ཞིབ་འཇུག་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས21ཉིན། རྒྱལ་ཡོངས་ཏང་གི་འཛུགས་སྐྲུན་ཞིབ་འཇུག་ཚོགས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་འཛུགས་ཞིབ་འཇུག་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཏང་འཛུགས་བྱ་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་འཇུག་གང་ལེགས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་མཐུན་རྣམས་ཀྱིས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལས་འགན་གཙོ་བོ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། འཐབ་ཇུས་དང་ཇུས་གཞིའི་གནད་དོན་ལ་མཐོང་ཆེན་བྱེད་པ། ཏང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་ཇི་སྲིད་དུ་གནས་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ཤུགས་སྣོན་རྒྱུ་དང་། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་དུ། དུས་རབས་གསར་པའི་རླབས་ཆེན་ཏང་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཏང་འཛུགས་དང་འབྲེལ་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཞིབ་འཇུག་ལ་ཤུགས་སྣོན་པ། རིགས་པའི་གཞུང་ལུགས་ལ་བརྟེན་ནས་མཐོང་རྒྱ་གསར་པ་བསྐྱེད་པ་དང་ཕྱོགས་སྡོམ་གསར་པ་བྱེད་པ།  དུས་རབས་གསར་པའི་ཏང་འཛུགས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་འཛུགས་བྱ་བའི་རིག་ཚན་གྱི་མ་ལག་དང་རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་ལས་དོན་ལ་སྐུལ་སྤེལ་གཏོང་ཆེད་བློ་རིག་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།