ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་བརྙན་ལམ་ནས་སར་ཝ་ཏོལ་གྱི་གྲོས་དཔོན་ཁཱ་སི་ཐེ་ལུའོ་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་བརྙན་ལམ་ལ་བརྟེན་ནས་སར་ཝ་ཏོལ་གྱི་གྲོས་དཔོན་ཁཱ་སི་ཐེ་ལུའོ་དང་གྲོས་མོལ་གནང་། 

ཟླ1པོའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སར་ཝ་ཏོལ་གྱི་གྲོས་དཔོན་ཁཱ་སི་ཐེ་ལུའོ་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། སར་ཝ་ཏོལ་ནི་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པུའུ་ཁེར་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་སར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རིམས་ནད་བྱུང་རྗེས་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་འགོག་རྒོལ་དང་དཀའ་ངལ་མཉམ་སེལ་བྱས་པས། ཀྲུང་སར་མཛའ་བརྩེ་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོས་སར་ཝ་ཏོལ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་སར་བར་གྱི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་ཟིན་པའི་ལོ་འགའི་ནང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་སར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། སར་ཝ་ཏོལ་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་གདམ་ག་ཡང་དག་ཅིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་བྱས་པར་ཀྲུང་གོས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། དེ་ནི་ཀྲུང་སར་བར་ཕྱི་འབྲེལ་བཙུགས་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་ལ། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གསལ་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་། མཐོ་རིམ་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏོང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། དངོས་སྒྲུབ་མཉམ་ལས་ཀྱི་རྒྱ་ཁྱབ་ཆེ་རུ་བཏང་ནས། ཕྱོགས་གཉིས་ཀྱི་མི་དམངས་ལ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བོ་ལོངས་སུ་སྤྱོད་དུ་འཇུག་དགོས། ཀྲུང་གོ་འདི་ཉིད་སར་ཝ་ཏོལ་ལ་རིམས་འགོག་རྒྱབ་སྐྱོར་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སར་ཝ་ཏོལ་དང་རིམས་འགོག་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ། མིའི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།  

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་ཀྲུང་སར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་ཀྱིས་མུ་མཐུད་དུ་སར་ཝ་ཏོལ་རྒྱལ་དམངས་གྲོས་ཚོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་ཨུ་ལྷན་སོ་སོ་དང་འཐུས་མིའི་བར་གྱི་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་འབྲེལ་གཏུག་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕན་པའི་བཅའ་ཁྲིམས་ཡིག་ཆ་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བརྒྱབ་སྟེ་བཏོན་ནས། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྲིད་སྐྱོང་ལུགས་བཅས་ཀྱི་ཉམས་མྱོང་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་བསྡུར་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་གཏོང་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་རྒྱ་ཆེ་རུ་བཏང་ཡོད། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་འདུ་རར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་སྲུང་སྐྱོང་ཡག་པོ་བྱ་དགོས། 

ཁཱ་སི་ཐེ་ལུའོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། སར་ཝ་ཏོལ་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་། ཀྲུང་གོས་རིམས་ནད་འགོག་རྒོལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་སར་ཝ་ཏོལ་ལ་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་དང་མཛའ་མཐུན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། སར་ཝ་ཏོལ་གྱི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་མི་དམངས་ཀྱི་མཛའ་བརྩེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།