ཧན་ཀྲན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུར་མགོ་འཛིན་མཛད།

ཧན་ཀྲན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུའི་ཐོག ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་ནན་འཛིན་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འཐབ་ཇུས་སྟོན་ཕྱོགས་དམ་འཛིན་ཡག་པོ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་རྒྱུན་ཆད་མེད་པར་བྱེད་པ་འཕེལ་རིམ་གསར་པར་སླེབས་པ་བྱེད་དགོས།  

5.jpg

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་པེ་ཅིང་དུ་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུར་མགོ་འཛིན་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས། དུས་སྐབས་རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཧན་ཀྲིན་གྱིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་ནན་འཛིན་བྱེད་པ་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་སྟོན་ཕྱོགས་དམ་འཛིན་ཡག་པོ་བྱས་ཏེ། “ཆུ་བཞིར་འབྲེལ་བའི་གཏན་འཁེལ་བཞིའི”རྩ་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།  གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། སྙིང་རུས་གཏན་འཁྱོངས་ཀྱིས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་རྒྱུ་དེ་འབུར་དུ་ཐོན་པའི་གནས་སུ་བཞག་སྟེ། ཆུ་ལོག་དང་ཞོད་སྐྱོན་བཀག་འགོག་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་ནས་ས་གནས་སོ་སོ་དང་གྲོང་ཁྱེར་སོ་སོའི་གནས་ཚུལ་དངོས་ལ་རྐང་པ་བཙུགས་ཏེ། ཆུ་ལོག་འགོག་པ་དང་འཁྱིལ་ཆུ་བཤང་བ། བབ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས། འཆར་འགོད་གཞིར་བཟུང་ནས་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། དུས་མགོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། མ་དངུལ་དང་ས་ཆ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དངོས་པོའི་ལས་འབོར་མགྱོགས་མྱུར་ངང་ཆགས་པ་བྱེད་དགོས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བཟོ་ལས་ཀྱི་ཆུ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། སྟོད་རྒྱུད་ཀྱི་ཆུ་རྩ་གསོག་པའི་ནུས་པ་ཆེ་རུ་གཏོང་བ་དང་། དབུས་རྒྱུད་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པའི་ཕན་འབྲས་སྲ་བརྟན་དུ་གཏོང་བ། སྨད་རྒྱུད་ཀྱི་གྲམ་ཐང་ཁུལ་དང་འདམ་རའི་མ་ལག་ལ་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།  ཁོར་ཡུག་གི་གནད་དོན་འབུར་ཐོན་གྱི་བཅོས་སྒྲིག་ལ་མུ་མཐུད་དུ་དམ་འཛིན་ནན་མོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རླུང་གློག་ཆེ་གྲས་ཀྱི་འོད་ཤུགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། རྡོ་སོལ་དྭངས་གཙང་དང་ནུས་ཆེའི་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྡོ་སོལ་དང་གློག་ཤུགས་བརྟན་བརླིང་ངང་མཁོ་འདོན་ཐུབ་པར་འགན་ལེན་ནུས་ལྡན་བྱེད་དགོས། 

རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་རྣམ་པས་འཚོགས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས9རུ་ཡན་ལག་ཚོགས་ར་བཙུགས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།