ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱ་བའི་སྤྱི་སྡོམ་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས19ཉིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱ་བའི་སྤྱི་སྡོམ་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། 

ཡིའུ་ཆོན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས“སྤྱི་ཡོངས་གཉིས”གཅིག་གྱུར་འཆར་འགོད་དང་། ཏང་མང་མཉམ་ལས་ཀྱི་ཆབ་སྲིད་རྣམ་པ་སྲ་བརྟན་དུ་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནས་བཟུང་། དམངས་གཙོ་ཏང་ཁག་སོ་སོས་སྲིད་ཞུགས་ཏང་འཛུགས་སྐྲུན་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བཟུང་ནས། རྩ་བ་བརྟན་སྲུང་དང་ཆོས་ཉིད་ཁོང་ཆུད། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 

ཡིའུ་ཆོན་གྱིས་དམངས་གཙོ་ཏང་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་མང་མཉམ་ལས་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་རླབས་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་རྒྱུ། ཚོགས་མིའི་བསམ་བློའི་ཆབ་སྲིད་ལ་སྣེ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུ། སྐབས་བརྗེ་ལས་དོན་དེ་གོ་སྐབས་སུ་བཟུང་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སྤྱི་སྡོམ་དང་། བསམ་གཞིགས་ཀྱི་གནད་སར་ཇུས་འགོད་བཅས་བྱས་ཏེ། སྲིད་ཞུགས་ཏང་འཛུགས་སྐྲུན་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། བྱ་སྤྱོད་དངོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་ཞུ་དགོས་པའི་བླང་བྱ་བཏོན།

ཝན་ཨུ་ཤང་དང་། ཁྲེན་ཀྲུའུ། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཝན་ཀང་། ཁྲེན་ཞའོ་ཀོང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙེ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་སོགས་ཚོགས་འདུར་ཞུགས་པ་མ་ཟད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་འབྲེལ་ཡོད་འགན་འཁུར་པ་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།