ཧན་ཀྲིན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་མགོ་འཛིན་མཛད།

ཧན་ཀྲིན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག བསམ་བློའི་ངོས་འཛིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པར་མགོ་འཛིན་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2021ལོའི་བྱ་བར་ཕྱོགས་སྡོམ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། 2022ལོའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཟླ1པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་སྐུལ་སྤེལ་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པར་མགོ་འཛིན་མཛད།

ཧན་ཀྲིན་གྱིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་། བཀོད་སྒྲིག སྐུལ་སྤེལ་བཅས་བཏང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འཕེལ་རིམ་སྤྱིའི་ཆ་ནས་བདེ་བླག་བྱུང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་བཞིན་ཡོད་ལ། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་བརླིང་གཙིགས་འཛིན་དང་། བརྟན་ཐོག་གོང་འཕེལ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། གནད་འཁེལ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩའི་ཚིག་གཉིས་ལ་དམ་པོར་དམིགས་ནས། གཙོ་གནད་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས། དཔལ་འབྱོར་བརྟན་བརླིང་ངང་འཕར་བར་ཤུགས་སྣོན་བརྒྱབ་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་འདུ་འགོད་རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་སོ་སོས་རྣམ་གྲངས་གལ་ཆེན་གྲབས་གསོག་དང་དུས་མགོའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་མཛུབ་ཁྲིད་བྱེད་དགོས། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་འབུར་དུ་བཏོན་ནས། རྒྱལ་ཁབ་ཀྱི་ཚན་རྩལ་དགོས་མཁོར་ཞབས་འདེགས་ཞུ་བར་གཞི་ཚུགས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། གཙོ་གནད་ཁྱབ་ཁོངས་འགའ་རུ་ཐོལ་བརྒལ་ཡོང་བར་བརྩོན་ལེན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ས་ཁོངས། སྒྲིག་སྲོལ་ལམ་སྲོལ་བཅས་གཞི་གཅིག་ཅན་དུ་བསྒྱུར་བའི་ཐད་འབད་བརྩོན་བྱས་ཏེ། ལམ་ལུགས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྱབ་ཁོངས་སྔར་བས་ཆེ་བའི་ནང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རང་མོས་ཚོང་དོན་ཁུལ་གྱི་ཚོང་དོན་མ་འཇོག་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་ཐབས་ལམ་གསར་པ་མགྱོགས་མྱུར་ངང་གཏོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། ནུས་རྒྱུའི་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། 

ལི་ཆང་དང་། ཧུ་ལི་ཧྥུང་ཚོགས་འདུར་ཞུགས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་ཐུན་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།