རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཕེལ་རྒྱས་འཆར་འགོད》འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཕེལ་རྒྱས་འཆར་འགོད》འགྲེམ་སྤེལ་བྱས།

འཆར་འགོད་ནང་། 2025ལོའི་བར་དུ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཞི་རྩའི་ཆ་ནས་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་།  རིག་ནུས་ཅན་དང་ལྗང་མདོག་ཅན་དུ་བསྒྱུར་བའི་ཐད་ནས་དོན་དངོས་རང་བཞིན་གྱི་ཐོད་བརྒལ་བྱུང་སྟེ།  ཕྱོགས་བསྡུས་ནུས་པ་དང་ཞབས་ཞུའི་སྤུས་ཚད།  འཁོར་སྐྱོད་ལས་ཕྱོད་དང་སྤྱིའི་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་དེ་འཛམ་གླིང་གི་རྩེར་སོན་ཆུ་ཚད་དུ་བསླེབ་པ་བཅས་བྱ་རྒྱུ་ཡིན།  2035ལོར་སྟབས་བདེ་ཐོགས་མེད་དང་དཔལ་འབྱོར་ཕན་འབྲས་ཆེ་བ། བདེ་འཇགས་ཡིད་རྟོན།  ལྗང་མདོག་ལེགས་བསྡུས།  རིག་ནུས་སྔོན་ཐོན་གྱི་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་ཧ་ལམ་འཛུགས་སྐྲུན་བྱ་རྒྱུར་གཏན་ཁེལ་གསལ་བོ་བྱས་ཡོད།

འཆར་འགོད་ནང་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་འཛུགས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི“འགྲིམ་འགྲུལ་བཟོ་བའི་རི་མོ”སོགས་ཕྱོགས་དགུའི་ཐད་ཀྱི་ལས་འགན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།