ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱས་ཤིང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ཆབ་སྲིད་ཀྱི་བརྡར་གཅོད་བྱེད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་བསུ་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ས་སྲུང་འགན་སྒྲུབ་ཀྱི་འགན་འཁྲིའི་འདུ་ཤེས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་ལ་མཐའ་གཅིག་ཏུ་དོགས་ཟོན་དང་མེད་པར་བཟོ་དགོས། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མི་སེམས་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་བསྡུས་བཅས་བྱེད་དགོས་པ་ནན་གྱིས་བསྟན། 

 ཚེས17ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཝང་དབྱང་གིས་འདས་བའི་ལོ་གཅིག་རིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།  ཁོང་གིས་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་འདུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་མཆོག་ནོར་གལ་ཆེན་ཞིག་ཡིན་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་བས་གལ་འགངས་ཆེ་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་སྔར་བས་དཀའ་ཚེགས་ཆེ་བར་ངོས་འཛིན་གཏིང་ཟབ་བྱེད་དགོས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བར་གོ་བ་ཡང་དག་ལེན་དགོས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས་དང་། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ། ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་དགོས། “བྱས་རྗེས་ང་ལ་མི་དགོས”པ་དང་། “ལས་འབྲས་ང་ཡིས་ཕུལ་དགོས”པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བཅང་ནས། སྙིང་རུས་གཏན་འཁྱོངས་བྱེད་པའི་ཚུགས་ནུས་དང་ཉིན་རེར་ལས་འབྲས་འབུལ་བའི་སྙིང་རུས་ཀྱིས་རྨང་གཞི་འདིང་བ་དང་། ཡུན་རིང་ལ་ཕན་པ། རྩ་བར་དོ་དམ་བྱེད་པ་བཅས་ཀྱི་ལས་ཀ་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་གཏིང་ཟབ་འགལ་བ་དང་གནད་དོན་ཆེན་པོ་ཐག་གཅོད་བྱ་དགོས། “མཐུན་སྒྲིལ། སྐྱོན་བརྗོད། མཐུན་སྒྲིལ”བཅས་ཀྱི་བྱེད་ཐབས་ཡག་པོར་སྤྱད་དེ། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་གསལ་འབྱེད་བྱེད་པ་དང་། དམངས་གཙོའི་བྱེད་ཐབས་དང་། གྲོས་བསྡུར་བྱེད་ཐབས། གོ་སྐོན་སློབ་གསོའི་བྱེད་ཐབས་བཅས་ལེགས་པར་སྤྱད་དེ། མཐུན་སྒྲིལ་དང་། ཁྲིད་སྟོན། གཅིག་སྒྲིལ་བཅས་བྱེད་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པའི་གཅིག་གྱུར་དམག་འཐབ་ཆེན་པོའི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་གྱི་གོམ་སྟབས་གཅིག་མཐུན་དང་གསོན་ཤུགས་ལྡན་པ་བྱེད་དགོས་པ་ནན་གྱིས་བསྟན། 

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུར་མགོ་འཛོན་མཛད་ནས་གསུང་བཤད་གནང་། ཁོང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་འདོམས་ལྟ་རྟོག་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། གཙོ་གནད་ལ་དམིགས་པ་དང་གནད་འཁེལ་ཤུགས་སྣོན་བྱ་རྒྱུ་མཐའ་འཁྱོངས། དོན་འཁྱོལ་ནན་འཛིན་དང་ལས་དོན་སྒྲུབ་མཁས་བྱ་རྒྱུ་མཐའ་འཁྱོངས། ཚད་མཐའ་གཏན་སྲུང་དང་ཉེན་ཁ་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རྒྱུན་མཐུད་ངང་མཐའ་ཕྱོགས་གཅིག་གྱུར་བྱ་བའི་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་བདེ་བླག་ངང་འཚོགས་ཆེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པར་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཉེན་ཁ་ཆེ་རིགས་འགོག་སེལ་བྱ་རྒྱུ་དེ་ལོ་ཧྲིལ་པོའི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། མཐའ་གཅིག་ཏུ་འགན་འཁྲི་ཡག་པོ་བསྲུངས་ཏེ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་བསྐྲུན་ནས། ཧུར་ཐག་གིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་པ་གཏོད་དགོས་པ་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།