ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ5ཡི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་དེ་སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་བཅས་གྲངས་ཉུང་མི་རིགས་ཀྱི་ཡི་གེ5ཡི་པར་གཞི་ཉེ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་ལ་བཀྲམ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། ཀྲུང་གོ་ཕྱི་ཡིག་ཅུའུ་བཅས་ཀྱིས་ལྷན་དུ་རྩོམ་སྒྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2017ལོའི་ཟླ10པའི་ཚེས18ཉིན་ནས2020ལོའི་ཟླ1པོའི་ཚེས13ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། མཆན་བཀོད། མཛུབ་སྟོན། རྟེན་འབྲེལ་ཞུ་ཡིག་སོགས་རྩོམ་ཡིག92ཕྱོགས་བསྡུས་བྱས་ཡོད་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བར་སྐབས་དེའི་ནང་གི་འདྲ་པར41ནང་དུ་བཅུག་ཡོད། དེབ་ཡོངས་ཆེད་དོན19རུ་བགོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཕྱོགས་ཡོངས་དང་འཛམ་གླིང་ལོ་བརྒྱར་མི་འཕྲད་པའི་འགྱུར་བ་ཆེན་པོར་དམིགས་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། རླབས་ཆེ་བའི་འཐབ་རྩོད་དང་རླབས་ཆེ་བའི་བཟོ་སྐྲུན། རླབས་ཆེ་བའི་ལས་དོན། རླབས་ཆེ་བའི་ཕུགས་བསམ་བཅས་སྤྱི་འདོམས་བྱེད་པ། མཐུན་སྒྲིལ་སྒོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་སྐུལ་འདེད་བྱས་པ་ལས་བླངས་པའི་གནད་ཆེའི་འཕེལ་རྒྱས་གསར་པའི་ལག་ལེན་རླབས་པོ་ཆེ་བཅས་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་དེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་པ་གཅིག་བསྡུས་འགྲེམ་སྟོན་བྱས་ཡོད་ལ། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཕུལ་བའི་བྱས་རྗེས་དང་བློ་གྲོས་ལྡན་པའི་གྲོས་གཞི་མཚོན་གང་ཐུབ་བྱས་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མཚོན་པའི་དབང་ཟིལ་ཅན་གྱི་བརྩམས་ཆོས་ཤིག་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་དེ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ལམ་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། མི་རིགས་ས་ཁུལ་གྱི་རྒྱ་ཆེ་ལས་བྱེད་མང་ཚོགས་ཀྱིས་སྔར་ལས་ཕྱོགས་ཡོངས་དང་གཏིང་ཟབ་པ། མ་ལག་ལྡན་པ་དང་ཡང་དག་པ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ལེན་པ། མི་རིགས་སོ་སོ་འབྲེལ་འདྲིས་དང་འགྲོ་འོང་དང་མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་པ། “འདུ་ཤེས་བཞི”སྔར་བས་ཇེ་དྲག་དང་། “ཡིད་ཆེས་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་པའི་ཐད་ཕན་པ་ཆེན་པོ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།