ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས2022ལོར་མུ་མཐུད་དུ་ཇེ་ཡང་དུ་གཏོང་བ་གཉིས་ཀྱི་འགག་སྒྲོལ་དམག་འཐབ་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་རྒྱལ་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུ་དེ་ཚེས17ཉིན་པེ་ཅིང་དུ་གྲོལ། ཚོགས་འདུའི་སྟེང་གསལ་བོར་བསྟན་དོན། 2022ལོར་སྔར་ལས་ལྷག་པར་འདྲ་མཉམ་དང་སྤུས་ཚད་མཐོ་བའི་རྨང་གཞི་སློབ་གསོ་སྲ་བརྟན་དང་གོང་སྤེལ་དུ་གཏོང་རྒྱུ་དང་། མུ་མཐུད་དུ“ཇེ་ཡང་དུ་གཏོང་བ་གཉིས”འགག་སྒྲོལ་དོན་འཁྱོལ་ལེགས་པོ་བྱ་རྒྱུ། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་འཕེལ་རྒྱས་གཏིང་ཟབ་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། འོས་འགན་སློབ་གསོའི་ལེགས་ཆ་དོ་མཉམ་ངང་འཕེལ་རྒྱས་སུ་གཏོང་རྒྱུ་མ་ཟད། སྤྱིར་བཏང་གི་མཐོ་འབྲིང་སློབ་གྲྭ་རྣམས་ཁྱད་ཐོན་སྣ་མང་ཅན་གྱི་ཕྱོགས་སུ་བསྐྱོད་བར་སྐུལ་འདེད་དང་། ལག་རྩལ་གསར་བ་དང་ཐོན་ལས་གསར་བསྒྱུར་གྱི་དགོས་མཁོ་དང་མཐུན་པའི་ལས་རིགས་སློབ་གསོ་དར་སྤེལ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་འཚམས་པའི་མཐོ་རིམ་སློབ་གསོ་གསར་སྐྲུན་གོང་སྤེལ་དང་རྒྱབ་སྐྱོར། སྤུས་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན། བཅོས་བསྒྱུར་གསར་སྐྲུན་གྱིས་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་འདོན་པ། འགྱུར་ལྡོག་ཆེན་པོའི་ཁྲོད་སློབ་གསོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྲིད་ཇུས་འཆར་འགོད་བྱ་དགོས། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།